གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལཔ་ཚུ་གི་དོན་ལུ་ སྣུམ་འཁོར་ལམ་གུ་ལས་ ཟམ་རྐྱབ་ནི།

༢༧/༩/༢༠༡༢   ༉ ཐིམ་ཕུ་ཁྲོམ་གྱི་ སྣུམ་འཁོར་ལམ་བདའ་སྟེ་ མི་མང་རྐང་ཐང་སྦེ་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་ སྣུམ་འཁོར་ལམ་སྐེདཔ་བཏོག་འགྱོ་ནིའི་དོན་ལུ་ འོག་ལམ་དང་ སྣུམ་འཁོར་ལམ་གི་གུ་ལས་ཕར་ རྐང་ཐང་འགྱོ་ནིའི་དོན་ལུ་ ཟམ་རྐྱབ་དགོཔ་དེ་ ཐིམ་ཕུ་ཁྲོམ་སྡེའི་འཆར་གཞིའི་གྲས་ལས་ གཙོ་རིམ་ཅན་ཅིག་ཨིན་པས།


ན་ཧིང་ཐིམ་ཕུ་ཁྲོམ་སྡེའི་ སྣུམ་འཁོར་ལམ་བདའ་སྟེ་ སྣུམ་འཁོར་རྒྱ་ཆེ་དྲགས་སྦེ་ར་ འགྲུལ་བསྐྱོད་འབད་སའི་ས་ཁོངས་ཁག་༡༡ དེ་ཅིག་ཡོད་མིའི་ནང་ རྐང་འགྲུལ་པའི་དོན་ལུ་ འཁོར་ལམ་གུ་ལས་ཕར་ ཟམ་རྐྱབ་ནིའི་འཆར་གཞི་ཡོད་རུང་ འདི་དང་འབྲེལ་བའི་ བྱ་སྟབས་མ་བདེ་བའི་གནས་ ཐོན་མི་ལུ་བརྟེན་ ཕྱིས་འགྱངས་སྦེ་ ལུས་སོ་ཡི་ཟེར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ བཀོད་ཁྱབ་དྲུང་ཆེན་ མི་འགྱུར་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཟམ་རྐྱབ་ནིའི་ལས་རིམ་ཚུ་ ཕྱིར་བཤོལ་འབད་མི་དེ་ གཙོ་བོ་ར་ ཟམ་གྱི་བཟོ་བཀོད་ཚུ་ འབྲུག་རྒྱལ་ཁབ་ཀྱི་ རང་ལུགས་ཀྱི་ ལམ་སྲོལ་དང་འབྲེལ་བའི་ བཟོ་བཀོད་ཐོག་ལས་ ག་དེ་སྦེ་ རྐྱབ་ནི་ཨིན་ན་དང་ དེ་བསྟུན་གྱི་ ཐབས་བྱུས་ཚུལ་མཐུན་མ་བྱུང་པར་ ལུས་སོ་ཡི་ཟེར་ཨིན་པས།
ཟམ་དེ་ཚུ་ རྐྱབ་ནིའི་དོན་ལུ་ ན་ཧིང་ཚུན་ ཞབས་ཏོག་ལྷན་ཁག་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལུ་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ བཟོ་བཀོད་དང་འབྲེལ་བའི་ གྲོས་ཐག་བཅད་ནིའི་ནང་ དུས་ཡུན་ལེ་ཤ་ཅིག་ར་ འགོར་ཡོདཔ་མ་ཚད་ མཐའན་མཇུག་ལུ་འབདཝ་ད་ ལྷན་ཁག་གིས་ ཟམ་གྱི་བཟོ་བཀོད་དང་འབྲེལ་བའི་ ཁག་འགན་ཚུ་ ཁྲོམ་སྡེ་ལས་འཛིན་གྱིས་ འབག་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
མི་འགྱུར་རྡོ་རྗེ་གིས་སླབ་མིའི་ནང་ ཁྲོམ་སྡེའི་ནང་སྡོད་མི་ མི་མང་གི་ངོས་ལེན་ག་དེ་སྦེ་ ཡོད་ག་བལྟ་ཞིབ་ཀྱི་དོན་ལུ་ འགོ་ཐོག་ ཟམ་༢ རྐྱབ་ནི་གི་འཆར་གཞི་ཡོད་མི་ དེ་ཡང་ ཅིག་ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གདོང་ཁར་དང་ དེ་ལས་༡ ལུང་བསྟན་ཟམ་པའི་མཇུག་ལས་ཕར་ རྐྱབ་ནི་ཨིན་ཟེར་ཨིན་པས།
ས་གནས་དེ་ཁ་ལས་ཕར་ ཟམ་རྐྱབ་ནིའི་ གྲོས་ཐག་བཅད་མི་དེ་ཡང་ སྣུམ་འཁོར་ལམ་ རྒྱ་གྲམ་ཁག་༢ སྦེ་ཡོད་མི་གུ་ལས་ ཟམ་ཆུང་རེ་རྐྱབ་ཚུགས་པའི་ ལྕོགས་གྲུབ་ཡོད་རུང་ ལམ་རྒྱ་གྲམ་ཁག་༤ སྦེ་ཡོད་མི་ཚུ་ནང་ ཟམ་རྒྱ་སྦོམ་ ཉེན་སྲུང་དང་ལྡནམ་སྦེ་ རྐྱབ་དགོ་ནི་དེ་གིས་ དེ་ལུ་ ཁྱད་ཚད་ཀྱི་ལྕོགས་གྲུབ་ལོགས་སུ་སྦེ་ར་ དགོཔ་འདུག་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱིས་ ནོར་འཛིན་ལམ་གྱི་ སྣུམ་འཁོར་བརྡ་སྟོན་རྒྱ་གྲམ་གྱི་ སྦོ་ལོགས་ཁ་ལུ་ཡང་ ཟམ་རྐྱབ་ནི་གི་ འོས་འབབ་ཚུ་ བལྟ་ཞིབ་འབད་དོ་ཡོདཔ་ཨིན་རུང་ ས་ཁོངས་དེ་ནང་ ས་གོ་ལངམ་སྦེ་མེདཔ་ལས་ ཟམ་རྐྱབ་ཚུགས་པའི་འོས་འབབ་ མིན་འདུག་ཟེར་ཨིན་པ།
མི་མང་གིས་ ཟམ་དེ་ཚུ་ལག་ལེན་འཐབ་པའི་ཁར་ བཟོ་བཀོད་ལུ་ཡང་ ངོས་ལེན་ལེགས་ཤོམ་འབྱུང་པ་ཅིན་ ཟམ་མང་སུ་རྐྱབ་ནི་ཨིན་ཟེར་ཨིནམ་ད་ ད་ལྟོ་ དེ་གི་དོན་ལུ་ ཁྲོམ་སྡེ་ལས་འཛིན་གྱིས་ ས་ཁོངས་ཁག་༡༡ ན་ཧིང་ལས་ར་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment