གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་འབད་མི་༢ མེ་གིས་འཚིགས་ཡོདཔ།

༢༤/༩/༢༠༡༢   ༉ ཀྲོང་གསར་རྫོང་ཁག་ སྐོར་ཕུག་གཡུས་ཚན་ནང་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་གཉིས་འབད་མི་༢ མེ་རྐྱེན་གྱིས་ རྩ་བ་ལས་ར་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ཁ་ཙ་ རང་ལུགས་ཀྱི་ཁྱིམ་༢ མེ་གིས་འཚིགས་ཡོད་པའི་ ཀྲོང་གསར་ སྐོར་ཕུག་གཡུས་ཚན།


སྐོར་ཕུག་གི་དམངས་ཨཔ་ རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ གཡུས་སྒོའི་ལྷ་ཁང་གི་ རྩ་བར་ཡོད་པའི་ ཁྱིམ་ཅིག་ལས་ མེ་འབར་མི་དེ་གིས་ སྦོ་ལོགས་ཁའི་ ཁྱིམ་ཅིག་ཡང་ འཚིགས་བཏང་ཡོད་རུང་ ཁྱིམ་གཞན་ཅིག་ལུ་ མེ་མ་ཟུན་པའི་བར་ན་ གཡུས་མི་ཚུ་གིས་ བསད་ཚུགས་ཅི་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ འགོ་ཐོག་མེ་འབར་མི་ ཁྱིམ་དེ་གི་བཟའ་ཚང་༢ ཞིང་བསྲུང་པར་འགྱོ་ནི་སྦེ་ རྨགཔ་དེ་གིས་ ཤིང་དྲ་མི་འཕྲུལ་ཆས་ པ་ཝར་ཅན་གྱི་དོན་ལུ་ ཁྱིམ་གྱི་གཤམ་བར་ནང་ མར་ཁུ་བླུགས་པར་ འགྱོ་བའི་སྐབས་ལུ་ བྱུང་ནུག་ཟེར་ཨིན་པས།
དམངས་ཨཔ་ རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཤམ་བར་ནང་ མར་ཁུ་བླུགསཔ་ད་ ཐིག་པ་འཛགས་འགྱོ་མི་དེ་གིས་ ས་ཏི་གུ་ཟུན་ཏེ་ བསད་མ་ཚུགས་པར་ བྱུང་ནུག་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ ཁྱིམ་ཚུ་ག་ར་ གཅིག་ཁར་སྤུངས་ཏེ་ཡོདཔ་ཨིན་པས།
ཁྱིམ་༣ པམ་དེ་ལུ་ མེ་མ་ཟུན་པའི་ཧེ་མར་ གཡུས་ཁའི་མི་ཚུ་ག་ར་འོང་སྟེ་ ཁྱིམ་ཐོག་ལྕགས་ཤོག་ཚུ་ བཤུབས་བཏངམ་མ་ཚད་ ནང་ནའི་ཅ་ལ་ཚུ་ཡང་ ཆ་མཉམ་ར་ ཕྱི་ཁར་བཏོན་ཚུགས་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ཐོ་བཀོད་འབད་མི་ ཁྱིམ་གུང་༨༠ དེ་ཅིག་ཡོདཔ་ཨིན་རུང་ གྱལ་རིམ་ནང་ ཁྱིམ་༥༠ དེ་ཅིག་ཡོདཔ་ད་ རྫོང་ཁག་གི་ འགོ་དཔོན་ཚུ་ཡང་ ཁ་ཙ་ཕྱི་རུ་ གཡུས་ཚན་དེ་ནང་ སོང་ཡོད་པའི་གནས་ཚུལ།


བཀྲ་ཤིས་བསྟན་འཛིན།

No comments:

Post a Comment