གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྨགཔ་གིས་ གནས་ཚང་དམར་བསད་འབད་ཡོདཔ།

༢༢/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྲས་ཕུ་རྒེད་འོག་ བེམ་པོ་ལུ་གཡུས་ཚན་ནང་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༣༧ ལང་མི་ ཁོ་རའི་གནས་ཚང་ལུ་ གྱི་རྐྱབ་སྟེ་ དམར་བསད་འབད་བའི་དོགས་པ་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་དེ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


ཚེ་འདས་ཀྱི་ ཨ་ཁུ་གིས་ སླབ་མིའི་ནང་ རྨགཔ་གིས་ གནས་ཚང་གི་ ལགཔ་བཏོགས་བཏང་པའི་ཁར་ མགུ་ཏོ་གུ་ གྱི་ཐེངས་༣ དེ་ཅིག་ རྐྱབ་ཡོདཔ་མ་ཚད་ ཨོལ་ལྐོག་བཏོགས་བཏང་ནུག་ཟེར་ཨིན་པས།
ཚོ་འདས་ཨམ་སྲུ་དེ་ ཕོཝ་ནང་ ཨ་ལུ་ཆགས་ཏེ་ ཟླཝ་༨ དེ་ཅིག་ ལང་ཡོདཔ་ད་ དོགས་ཅན་གྱིས་ ཕོཝ་ཡང་ བཀག་བཏང་ནི་དེ་གིས་ ཨ་ལུ་ཡང་ ཤི་ཡོདཔ་ད་ དབང་འདུས་རྫོང་སྨན་ཁང་གི་ གསོ་བའི་འགོ་དཔོན་སྡེ་ཚན་ཅིག་གིས་ ཚེ་འདས་ཀྱི་ཕུངམ་ བརྟག་དཔྱད་འབད་བའི་སྐབས་ ཕོཝ་ནང་ལས་ ཨ་ལུ་བུམོ་ཅིག་ བཏོན་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཁོང་ར་༢ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལས་ ཁ་ཤགས་རྐྱབ་ཡོད་པའི་སྐོར་ལས་ ཚེ་འདས་ཀྱི་ ཧེ་མའི་རྨགཔ་ལས་ བུ་ཅིག་ཡོད་མི་དེ་གིས་ ཁོ་ ཁྲུས་བབས་ཀྱི་ ངལ་གསོའི་དོན་ལུ་ ལེན་པར་ཤོག་ཟེར་ ཨའི་ལུ་ འགྲུལ་འཕྲིན་བཏངམ་ད་ དོགས་ཅན་གྱིས་ རྒྱབ་ཁ་ལས་ བློ་ངན་པ་སླབ་ཅི་ཟེར་ དབང་འདུས་དགོན་པའི་ བཤད་གྲྭ་ནང་ཡོད་མི་ སྐྱེས་ལོ་༡༣ ལང་མི་ བུ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ནང་བཀོད་ནུག།
དེ་ལས་ ཨའི་གིས་ ཁོ་ལེན་པར་ མ་འོངམ་ལས་བརྟེན་ ཁོ་ར་གིས་ ཁྱིམ་ནང་འོང་བའི་སྐབས་ རྐྱེན་ངན་བྱུང་ནུག་ཟེར་ཨིནམ་ད་ དབང་འདུས་དགོན་པའི་ བཤད་གྲྭ་དེ་ ཁོང་གི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་ས་ཁར་ ཡོདཔ་ཨིན་པས།
ཚེ་འདས་ཀྱི་ ཨ་ཁུ་ཅིག་གིས་ སླབ་མིའི་ནང་ ཁོང་༢ ཀྱི་བར་ན་ ཁ་ཤགས་རྐྱབ་པའི་ཤུལ་ལས་ རྨགཔ་དེ་གིས་ གནས་ཚང་དེ་ ཁོང་ར་སྡོད་སའི་ སྦ་སྒོར་གྱི་ཕྱི་ཁར་ བརྡུང་རྫོབ་འབད་བའི་ཤུལ་ལས ཁྱིམ་ནང་ཁྱིད་འོང་སྟེ་ གྱི་རྐྱབ་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་གི་སྐོར་ལས་ ཁ་ཙ་དྲོ་པ་ལས་བརྒལ་ མ་ཤེསཔ་ཨིན་པས།
ཚེ་འདས་ཀྱི་ ཨ་ཁུ་གཞན་མི་དེ་ ཁ་ཙ་དྲོ་པའི་ ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལུ་ ནོར་གྱི་རྩྭ་གདན་ བརྔ་བར་འགྱོ་བའི་སྐབས་ ཚེ་འདས་ཀྱི་ ཁྱིམ་གྱི་ཕྱི་ཁར་ འཐབ་འཛིང་འབད་བའི་ཤུལ་མཐོང་སྟེ་ ཁྱིམ་ནང་བལྟ་བར་འགྱོཝ་ད་ སྒོའི་ལྡེ་མིག་མ་རྐྱབ་པར་ བསྡམས་བཞག་ཡོདཔ་ལས་ ནང་ན་ལྟཝ་ད་ ཚེ་འདས་ཀྱི་ ཨོལ་ལྐོག་བཏོགས་བཏང་མི་ལས་ ཁྲག་ལེ་ཤ་འཛགས་ཏེ་ ཁྱིམ་ག་ར་ ཁྲག་གིས་གང་སར་མཐོངམ་ལས་ དེ་འཕྲོ་ལས་ གཡུས་ཁའི་མི་ཚུ་ལུ་ བརྡ་ལན་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ དབང་འདུས་དྭངས་ཆུ་རྒེད་འོག་ དབུས་སུ་སྒང་ལས་ཨིནམ་ད་ ཁོང་༢ གཉེན་རྐྱབ་སྟེ་ ལོ་༢ དེ་ཅིག་ལས་ མ་ལང་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་རྨགཔ་དེ་ འཕྲལ་འཕྲལ་སྦེ་ར་ ཆང་འཐུང་མི་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment