གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐོར་ཕུག་གཡུས་ཚན་ནང་ མེ་རྐྱེན་ལུ་བརྟེན་ ཉམས་རྒུད་བྱུང་མི་ཚུ་ལུ་ རྒུད་གསོའི་གྲོགས་རམ།

༢༦/༩/༢༠༡༢  

༉ སྤྱི་ཟླ་༩ པའི་ཚེས་༢༣ ལུ་ ཀྲོང་གསར་རྫོང་ཁག་གི་ མཐའ་ཟུར་ས་གནས་ སྐོར་ཕུག་གཡུས་ཚན་ནང་ མེ་རྐྱེན་བྱུང་པའི་སྐབས་ རང་ལུགས་ཀྱི་ སྡོད་ཁྱིམ་༢ མེ་གིས་འཚིགས་ཏེ་ སྡོད་གནས་མེདཔ་བཟོ་མི་ བཟའ་ཚང་ཚུ་ལུ་ གློ་བུར་གྱི་ མཐུན་རྐྱེན་ཚུ་ བྱིན་ཡོདཔ་ཨིན་པས།

རང་ལུགས་ཀྱི་ཁྱིམ་གཉིས་ མེ་གིས་འཚིགས་ཏེ་ བྱང་ཁོགས་ཐལ་བའི་མཐོང་སྣང་།


ཀྲོང་གསར་གྱི་རྫོང་བདག་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཁོ་གིས་ རྫོང་ཁག་འགོ་དཔོན་ཚུ་ཁྱིད་དེ་ མེ་རྐྱེན་བྱུང་པའི་ ཕྱི་རུ་ར་ གཡུས་ཚན་དེ་ནང་ སོང་ཡོད་རུང་ ལམ་ཐག་རིང་ནི་དེ་གིས་ དེ་གི་ནངས་པ་དྲོ་པར་ རྐྱངམ་གཅིག་ལས་བརྒལ་ ལྷོད་མ་ཚུགས་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ ཉམས་རྒུད་པ་ཚུ་དང་ཕྱད་དེ་ སེམས་གསོ་དངུལ་ཀྲམ་༡༠,༠༠༠ རེ་ བྱིན་ཡོདཔ་མ་ཚད་ ཁྱིམ་གུང་༢ ནང་སྡོད་མི་ བཟའ་ཚང་༦ ལུ་ གོ་ལ་དང་ ཆར་ཐུབ་ཏིར་པཱལ་ གདན་མལ་ཆ་ཚུ་ བྱིན་ཡི་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ ཉེན་བཅོལ་མ་དངུལ་ཚུ་ གང་མགྱོགས་སྦེ་ ཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ལཱ་ཚུ་ཡང་འབད་དོ་ཟེར་ སླབ་ཨིན་པས།
རྫོང་ཁག་སྐྱིད་སྡུག་འགོ་དཔོན་ རྡོ་རྗེ་དངོས་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་བཟོ་རིག་འགོ་དཔོན་ཚུ་ གཡུས་ཚན་དེ་ནང་ ཤིང་ཆ་དང་ ལྕགས་ཤོག་ཚུ་གི་ དབྱེ་ཞིབ་འབད་བར་ ལྷོད་དེ་ཡོད་ཟེར་ཨིན་པས།
སྐོར་ཕུག་གི་དམངས་མི་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ གཡུས་ཚན་དེ་ནང་ ལོ་ཆོག་བཏང་པའི་བསྒང་ཡོདཔ་ལས་ མེ་རྐྱེན་ལུ་བརྟེན་ ཉམས་རྒུད་བྱུང་མི་ བཟའ་ཚང་ཚུ་ སྤུན་ཆ་ཚུ་གི་ཁྱིམ་ནང་ སྡོད་དེ་ཡོད་ཟེར་ཨིན་པས།
མེ་རྐྱེན་དེ་ འགོ་ཐོག་འབར་མི་ ཁྱིམ་དེ་གི་ བཟའ་ཚང་༢ ཞིང་བསྲུང་པར་ འགྱོ་ནི་སྦེ་ ཤིང་དྲ་མི་འཕྲུལ་ཆས་ པ་ཝར་ཅེན་གྱི་དོན་ལུ་ ཁྱིམ་གྱི་གཤམ་བར་ནང་ མར་ཁུ་བླུགསཔ་ད་ ཐིག་པ་འཛགས་འགྱོ་མི་དེ་གིས་ ས་ཏི་གུ་ཟུན་ཏེ་ བསད་མ་ཚུགས་པར་ བྱུང་ཡོད་པའི་གནས་ཚུལ།


བཀྲིས་བསྟན་འཛིན།

No comments:

Post a Comment