གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་རུད་ཁག་༥༥ ཆད་དེ་ འཁོར་ལམ་ཁག་༡༠ བསུབས་ཡོདཔ།

༡༧/༩/༢༠༡༢    ༉ ད་རེས་ནངས་པ་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ ས་རུད་ཁག་ལེ་ཤ་ཅིག་ ཆད་ཡོདཔ་སྦེ་ ཆུ་ཁ་སྐྱབས་ཆ་ལུ་ཡོད་པའི་ དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


དཱན་ཏག་གིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ དུས་ཅི་ ས་རུད་ཁག་༥༥ ཆད་པའི་ཁར་ འཁོར་ལམ་ཁག་༡༠ དེ་ཅིག་ བསུབས་ཅི་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༥ འི་ཉིན་མར་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༧༤ གི་ས་ཁར་ཡོད་མི་ ས་གནས་ཏག་ཏི་ཀོ་ཏི་དང་ ཝང་ཁ་བར་ནའི་ གཞུང་ལམ་ཁར་ ས་རུད་ཆད་མི་ལུ་བརྟེན་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་ཡོདཔ་ཨིན་རུང་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལུ་ བསལ་ཚར་ཏེ་ སྣུམ་འཁོར་ཚུ་ བཏང་ཡོདཔ་ཨིན་པས།
དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ལམ་བསུབས་མི་ཚུ་ བསལ་ནིའི་དོན་ལུ་ རྡོ་སྦོམ་ཚུ་ རྡོ་རྫས་ལག་ལེན་འཐབ་སྟེ་ གཏོར་བཏང་བའི་ཤུལ་ལས་ ས་རྐོ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ བསལ་ཡི་ཟེར་ཨིན་པས།
ད་རུང་ དེ་བཟུམ་མའི་ ས་རུད་ཚུ་ མི་ཆད་ག་མནོ་བའི་ དོགས་པ་ལུ་བརྟེན་ འཕྲུལ་ཆས་ཚུ་ ས་ཁོངས་ནང་ར་ བཞག་སྟེ་ཡོད་ཟེར་ ལིང་དཔོན་ པ་རིག་ཤིཊ་ མེ་ཧེ་ར་གིས་ སླབ་ཨིན་པས།
ཝང་ཁ་དང་ ཏག་ཏི་ཀོ་ཊི་༢ ཀྱི་བར་ན་ཡང་ འཕྲུལ་ཆས་༥ གཞི་བཙུགས་འབད་དེ་ཡོདཔ་ད་ ཝང་ཁ་དང་ འདམ་ཆུ་ས་ཁོངས་༢ ཀྱི་བར་ན་ ད་ལྟོ་ཚུན་ ས་རུད་ཚུ་ ཆད་ཆདཔ་མེད་རུང་ འཕྲུལ་ཆས་༢ བཙུགས་ཏེ་ཡོདཔ་ཨིན་པས།
འགོ་དཔོན་དེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ཡང་ ས་གནས་དེ་ཚུ་ནང་ ས་སྨུག་སྤུབས་སུ་ཅིག་སྦེ་ར་ སྡོད་དོ་ཡོདཔ་ལས་ འཁོར་ལམ་ཚུ་ ལེགས་ཤོམ་སྦེ་ མཐོང་མི་ཚུགས་དོ་ཡོདཔ་མ་ཚད་ ལམ་བདའ་སྟེ་ཡོད་པའི་ རོང་ཆུ་ཚུ་བྲེས་ཏེ་ འཁོར་ལམ་ཚུ་ཡང་ མེདཔ་བཏངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནས་སྟངས་ནང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ཏེ་ བཏང་འགྱོ་མི་དང་ ཁུར་ཆ་ཚད་ལས་བརྒལཏེ་འབག་མི་ སྣུམ་འཁོར་ཚུ་གི་ འཕྲུལ་བཀག་བེ་རེག་གི་ ནུས་ཤུགས་ལུ་ཡང་ གནོད་པ་བྱུངམ་ཨིན་ཟེར་ཨིནམ་ད་ ས་སྨུག་སྤུབས་པའི་སྐབས་ལུ་ འགྲུལ་བསྐྱོད་འབད་མི་ཚུ་གིས་ རིགཔ་བསྒྱིམ་དགོཔ་ གལ་ཆེ་ཟེར་ཨིན་པས།
དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྐམ་སྦྱིས་དང་ ལ་ཆུ་སྒང་གི་བར་ན་ ས་རུད་ཀྱི་གནས་སྟངས་ཚུ་ སྐྱོ་དྲགས་སྦེ་ཡོདཔ་མ་ཚད་ སོར་ཅན་དང་ ཇོམོ་བྱག་ས་གནས་ཚུ་ནང་ རྡོ་སྦོམ་ཚུ་ ཨ་རྟག་ར་ རྦོབ་རིལ་འོངམ་མས་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ས་རུད་ཁག་༡༥ ཆད་ཡོདཔ་ད་ འགྲུལ་བསྐྱོད་འབད་མི་ཚུ་གིས་ ལམ་གྱི་གནས་སྟངས་སྐོར་ལས་ ཤེས་ནིའི་དོན་ལུ་ བརྒྱུད་འཕྲིན་ཨང་གྲངས་༠༨༤༧༡༠༤༡/ ༡༧༨༣༦༧༥༥/ ༡༧༦༡༡༥༤༢ གི་ཐོག་ལས་ འབྲེལ་བ་འཐབ་གནང་ཟེར་ དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment