གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ རྐང་འགྲུལ་པའི་ཉིནམ་ལུ་ དཀའ་རྙོགས་འབྱུང་དོ་ཡོདཔ།

༢༢/༨/༢༠༡༢   ༉ གཞུང་གིས་ རྐང་འགྲུལ་པའི་ཉིནམ་ འགོ་བཙུགས་མི་དང་འབྲེལ་ བུམ་ཐང་རྫོང་ཁག་ནང་ སྤྱི་ཟླ་༦ པ་ལས་ ལག་ལེན་བསྟར་སྤྱོད་འབད་ནི་འགོ་བཙུགས་ཡོད་རུང་ རེས་གཟའ་ལྷགཔ་ཨ་རྟག་ར་ ལམ་ལུགས་དེ་ལུ་ མ་གནས་མི་ དེད་གཡོགཔ་ཚུ་མ་ཆད་པར་ ཐོན་དོ་ཡོདཔ་ཨིན་པས།


ལམ་ལུགས་འདི་ལུ་ མ་གནས་མི་ཚུ་ལུ་ ད་ཚུན་ ཁྲིམས་དང་ཉེས་བྱ་ཚུ་ ག་ནི་ཡང་ མ་བཀལ་བར་ཡོད་རུང་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་ནང་ལཱ་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ ལམ་ལུགས་དེ་གི་སྐོར་ལས་ ཧ་མ་གོ་བར་ཨིན་ན་ ཡང་ཅིན་ བསམ་བཞིན་དུ་ར་ འབད་དོ་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་འཛིན་པ་ ལེབ་ཅ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་ལུགས་དེ་ ཧ་གོ་ཐབས་ལུ་ ཉེས་ཆད་མ་བཀལ་བར་ བཞག་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཐོན་ཏེ་ར་ཡོད་ཟེར་ཨིན་པས།
ཁོ་གིས་ དེ་བཟུམ་མའི་ལམ་ལུགས་ལུ་ མ་གནས་མི་ཚུ་ ཁྲིམས་སྲུང་འགག་པའི་ བཀོད་རྒྱ་ལུ་ མ་གནས་པའི་ ཉེས་བྱ་ཕོག་ནི་ཨིན་རུང་ ད་ཚུན་ ཡིག་ཆ་ཚུ་རྐྱངམ་གཅིག་ འཕྱོག་བཟུང་འབད་དེ་ ཡིག་ཚང་ནང་འབོ་སྟེ་ ཉེན་བརྡ་བྱིན་བཞག་དོ་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ནང་ ལྟ་རྟོག་འབད་ནི་གི་དོན་ལུ་ ཕྱོགས་བཞི་ངོས་འཛིན་འབད་ཡོད་རུང་ མི་རློབས་མ་ལང་ནི་དེ་གིས་ ཁྲོམ་གྱི་ཕྱི་ཁ་ལས་ཕར་ ལྟ་རྟོག་འབད་སྡོདཔ་ད་ ཁྲོམ་ནང་ན་ འགྲུལ་བསྐྱོད་འབད་དེ་ར་ སྡོདཔ་མས་ཟེར་ཨིན་པས།
ལེབ་ཅ་གིས་ འཛིན་བཟུང་འབད་མི་ དེད་གཡོག་མང་ཤོས་ར་ གློ་བུར་གྱི་དཀའ་ངལ་ཐོན་ནི་དེ་གིས་ ཨིན་ཟེར་ སླབ་དོ་ཡོད་པའི་ཁར ཕྱོགས་གཅིག་ལས་ མི་ཚུ་གིས་ གོ་གནས་ཅན་ཚུ་ལུ་ བརྒྱུད་འཕྲིན་བཏང་སྟེ་ སླབ་མས་ཟེར་ཨིན་པས།
ད་ཚུན་ ལམ་ལུགས་ལུ་གནས་མ་བཏུབ་མི་ཚུ་ལུ་ ཉེན་བརྡ་བྱིན་བཞག་ཡོད་རུང་ འཛིན་བཟུང་འབད་ཡོད་མི་ དེད་གཡོགཔ་ཚུ་ ཡང་བསྐྱར་དུ་བཟུང་པ་ཅིན་ རྫོང་ཁག་ནང་བཏང་ནི་ཨིནམ་ལས་ ཉེས་བྱ་ག་ཅི་བཟུམ་བཀལ་ནི་ཨིན་ན་ རྫོང་ཁག་གིས་ འབད་འོང་ཟེར་ཨིན་པས།
ལམ་ལུགས་དེ་གི་སྐོར་ལས་ མི་ཚུ་གིས་ ཧ་གོ་རན་རུང་ དུས་ཚོད་དེ་ཁར་ ཨ་རྟག་ར་ དེད་གཡོགཔ་༥ དེ་རེ་གི་ ཡིག་ཆ་ཚུ་ འཕྱོག་བཟུང་འབད་དེ་ བཞག་དོ་ཡོདཔ་ཨིན་པས།
ཡིག་ཆ་འཕྱོག་བཟུང་འབད་མི་ཚུ་གི་གྲས་ལས་ ལ་ལུ་ཅིག་ ད་ལྟོ་ སྣུམ་འཁོར་ལྷབ་ནི་གི་ལག་ཁྱེར་རྐྱངམ་གཅིག་ཨིན་པའི་ཁར་ ལ་ལུ་ མཁས་མཆོག་གི་དེད་གཡོག་པའི་ ལག་ཁྱེར་འཆང་མི་ཡང་ ཚུད་དེ་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment