གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་མདའ་རྐྱབ་སྟེ་ མི་བསད་མི་ ཕོ་སྐྱེས་༡ འཛིན་བཟུང་།

༢༡/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ དར་དཀར་ནང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་ལུ་ མདའ་རྐྱབ་སྟེ་ བསད་ནི་གི་དཔའ་བཅམ་མི་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དོགས་ཅན་ཕོ་སྐྱེས་དེ་ འབྲུག་རྗེས་སྒང་རྒེད་འོག་ སྨན་ཆུ་ནང་ལས་ཨིནམ་ད་ ཁོ་གིས་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༧ དེ་ཅིག་ཁར་ མདའ་རྐྱབ་ད་ ཁོ་རའི་ ཁྱིམ་ཚང་ཨིན་མི་ ཕོ་སྐྱེས་ཅིག་གི་ དོན་ཧིང་གུ་ཕོགཔ་ལས་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ ལྷ་པ་དང་ ཁ་ནང་ལས་ ཁྲག་ལེ་ཤ་ཐོན་ཏེ་ ཤི་ཡོདཔ་ད་ དུག་མེད་པའི་ གསང་མདའ་དེ་གིས་ ཚེ་འདས་ཀྱི་ལགཔ་གཡོནམ་ནང་ དོན་ཧིང་གི་ས་གོ་ནང་ ཨིན་ཅི་༥ དེ་ཅིག་ དོང་བཏོན་ཡོདཔ་ཨིན་པས།
དོགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ གསང་མདའ་དེ་ ཁོ་གིས་ རྐྱབ་ཅི་ཟེར་ ཁ་བཟེད་ཡོདཔ་ཨིན་པས།
དོགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ མ་གཞི་ ཁོ་གིས་ མདའ་རྐྱབ་ཡོད་རུང་ ཚེ་འདས་ཕོ་སྐྱེས་དེ་ལུ་ མནོ་བཞིན་བསམ་བཞིན་དུ་ རྐྱབ་རྐྱབ་མེན་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཕོ་སྐྱེས་གཞན་ཅིག་ལུ་ འཇིགས་སྐྲག་བཏོན་ནིའི་དོན་ལས་ མདའ་རྐྱབ་ད་ སྟབས་ངན་ཅིག་གིས་ ཁོ་ལུ་ ཕོག་ཆི་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་ཚེ་ཉིན་མ་ ཕོ་སྐྱེས་གཞན་མི་དེ་གིས་ ཁོ་གི་ གནས་ཚང་དང་གཅིག་ཁར་ སྡོད་སར་མཐོང་ནི་དེ་གིས་ ངལ་མ་རངས་པར་ མདའ་རྐྱབ་ད་ དམིགས་གཏད་བསྐྱེད་མི་ ཕོ་སྐྱེས་དེ་ལུ་མིན་པར་ ཚེ་འདས་ཁ་ཐུག་ ཤོར་ཡར་སོ་ཡི་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ དོགས་ཅན་གྱི་ ཁྱིམ་ནང་ལས་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ སྡོད་ཡོདཔ་བཞིན་དུ་ དེ་ཚེ་ཁོ་ར་ ཚེ་འདས་ཀྱི་ཁྱིམ་ནང་ འགྱོ་བལྟཝ་ད་ ཁོ་གི་གནས་ཚང་དང་ ཚེ་འདས་ཀྱི་གནས་ཚང་ ཚེ་འདས་ཕོ་སྐྱེས་ དེ་ལས་ དོགས་ཅན་ཚུ་ གཅིག་ཁར་སྡོད་ཡོདཔ་ མཐོང་ནུག་ཟེར་ཨིན་པས།
དེ་ལས་ ཁོ་གིས་ གནས་ཚང་ལུ་ བརྡུང་རྫོབ་འབད་བའི་སྐབས་ ཉམས་རྒུདཔ་གིས་ བར་བཀག་འབད་དེ་ ཁྱིམ་ནང་བསྐྱལ་བར་ འོང་ཡོདཔ་ཨིན་པས།
ཉམས་རྒུདཔ་ཁོ་ར་ ལོག་ཁྱིམ་ནང་འོང་པའི་ཤུལ་ལུ་ དོགས་ཅན་དེ་གིས་ཡང་ ཁྱིམ་ནང་ལས་ མདའ་གཞུ་འཐུ་འབག་སྟེ་ ལོག་འོང་ནུག་ཟེར་ཨིན་པས།
དེ་བསྒང་ ཚེ་འདས་དང་ ཁོ་གི་གནས་ཚང་ འཇིགས་མེད་དང་ དོགས་ཅན་ཁོ་རའི་ གནས་ཚང་ཚུ་ ཉམས་རྒུད་པའི་ སྦ་སྒོར་གདོང་ཁར་ལོང་སྟེ་ བློ་སླབ་སྡོད་པའི་སྐབས་ དོགས་ཅན་དེ་གིས་ མི་ཊར་༡༥ དང་༢༠ གི་ས་ཁ་ལས་ མདའ་རྐྱབ་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་རའི་ དམིགས་གཏད་འབད་བ་ཅིན་ ཉམས་རྒུདཔ་དེ་ བསད་ནིའི་བློ་འདོད་མེདཔ་བཞིན་དུ་ གཞན་མི་དེ་ལུ་རྐྱབ་ད་ ཁོ་ལུ་ཕོག་ཆི་ནུག་ཟེར་ཨིན་པས།
ཉམས་རྒུདཔ་དང་ དོགས་ཅན་༢ ཆ་ར་ དམག་མི་བགྲེསཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ སྨན་ཆུ་ནང་ ཚོགས་པ་གིས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
དོགས་ཅན་དེ་ ཁྲིམས་སྲུང་འགག་པ་གིས་ ཁ་ཉིནམ་ དྲོ་པའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ཁར་ སྨན་ཆུ་ནང་ལས་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ ཁོ་རའི་ ཕམ་གྱི་ཁྱིམ་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།


དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment