གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ བློན་པོའི་གོ་གནས་སྤྲོད་དགོཔ།

༢༠/༩/༢༠༡༢   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཀོད་འབད་མིའི་ནང་ ད་རེས་ ལག་ལེན་འཐབ་སྲོལ་ཡོད་པའི་ ཕྱིའི་ལམ་ལུགས་ཀྱི་ ལྡོག་ཕྱོགས་དང་ གཞུང་སྐྱོང་གི་ལམ་ལུགས་དེ་ འབྲུག་གི་དོན་ལུ་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ཨིན་པས།


ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ མ་གཞི་ ལམ་ལུགས་དེ་ རྒྱལ་ཁབ་ག་ཏེ་ཡང་ ལག་ལེན་འཐབ་སྲོལ་ཡོད་རུང་ འབྲུག་གི་དོན་ལུ་ ལམ་ལུགས་དེ་ ཉེན་ཁ་ཡོདཔ་ལས་ ཕྱིའི་ལམ་ལུགས་ཀྱི་ རྟ་དྲང་སྟེ་མེན་པར་ ང་བཅས་རའི་ ལམ་ལུགས་མ་འདྲཝ་ཅིག་ བསྒྱུར་བཅོས་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ཨིན་པས།
ད་ཚུན་ དམངས་གཙོའི་ལམ་ལུགས་ནང་ ལྡོག་ཕྱོགས་དང་ གཞུང་སྐྱོང་ཚོགས་པའི་ ལམ་ལུགས་དེ་ར་ འོས་ལྡན་ཨིན་པའི་ ངོས་འཛིན་བྱུང་རུང་ རྒྱལ་སྤྱིའི་གནས་ཚད་ནང་ར་ ལམ་ལུགས་དེ་གིས་ རྒྱལ་ཁབ་ཀྱི་གོང་འཕེལ་ནང་ གཅིག་སྒྲིལ་འབྱུང་ཐབས་ལུ་ ལྷན་ཐབས་འབད་མ་ཚུགས་པར་ དཀའ་ངལ་ལེ་ཤ་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་དེ་གིས་འབད་བ་ཅིན་ ལམ་ལུགས་དེ་ ཕྱིའི་རྒྱལ་ཁབ་ཚུ་གིས་ ཁོང་རའི་གནས་སྟངས་དང་ ཁོང་རའི་སྲིད་བྱུས་ལུ་ གཙོ་རིམ་བཟུང་སྟེ་ བཟོ་བཀོད་འབད་ཡོད་པའི་ ལམ་ལུགས་ཅིག་ཨིནམ་ལས་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་གི་དོན་ལུ་ ཕན་ཐོགས་ཀྱི་འོས་འབབ་ཅིག་ མེདཔ་སྦེ་མཐོང་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ གཞུང་སྐྱོང་དང་ ལྡོག་ཕྱོགས་ལམ་ལུགས་ཀྱིས་ རྒྱལ་ཁབ་ནང་ ཉེན་ཁ་ཡོདཔ་མ་ཚད་ མི་སྡེ་དང་ སྡེ་ཚན་གྱི་དབྱེ་ཁག་འབྱུང་ནི་ ཕམ་དང་བུ་གཞི་ གཉེན་ཉེཝ་ འཆམ་མཐུནམ་ཚུ་ག་རའི་བར་ན་ བྱ་སྟབས་མ་བདེ་བའི་གནས་སྟངས་ཚུ་ བཟོ་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
མ་གཞི་ ལྡོག་ཕྱོགས་དང་ གཞུང་སྐྱོང་ཚོགས་པ་༢ པོ་ཆ་ར་ འབྲུག་རྒྱལ་ཁབ་འདི་ གཞན་ལས་ཁྱད་དུ་འཕགས་པ་སྦེ་ གོང་འཕེལ་གྱི་དོན་ལུ་ གཅིག་གིས་གཅིག་ལུ་ ལྷན་ཐབས་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ལྡོག་ཕྱོགས་ཟེརཝ་ད་ གཞུང་སྐྱོང་གི་མཛད་བྱ་ལུ་ སྐྱོན་བརྗོད་དང་ ངོས་ལེན་མེད་པར་ རྩོད་འགྲན་འབད་དོ་བཟུམ་མའི་ ཚོར་སྣང་བྱུང་མི་དེ་ ལམ་ལུགས་དེ་དང་འབྲེལ་བའི་ གནས་སྟངས་བཟང་པོ་ཅིག་ མེན་པས་ཟེར་བཤད་ཅི།
ཚོགས་པ་དེ་གིས་འབད་བ་ཅིན་ ད་ལྟོའི་ ལམ་ལུགས་ནང་ ལྡོག་ཕྱོགས་ཀྱི་ ལཱ་དང་འགན་འཁྲི་ དེ་ལས་ འོས་ལྡན་གྱི་ལྕོགས་གྲུབ་ཚུ་ ཧྲིལ་པོར་ལག་ལེན་གྱི་ འོས་འབབ་རྩ་ལས་མིན་འདུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ དེ་བཟུམ་མའི་ ལམ་ལུགས་བསྒྱུར་བཅོས་ཐོག་ འབྲུག་གི་དོན་ལུ་ འོས་འབབ་ཅན་གྱི་ལམ་ལུགས་ གཞི་བཙུགས་འབད་ནི་དེ་ ག་ནི་བ་ གལ་ཅན་ཅིག་སྦེ་མཐོངམ་ཨིན་རུང་ མི་མང་གི་སྦུག་ལུ་ དོན་ཚན་གསརཔ་དེ་གིས་ གྲོས་བསྡུར་དང་ སྐྱོན་བརྗོད་ལེ་ཤ་འབད་བའི་ འོས་འབབ་ཡང་ཡོད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་བཤདཅི།
རྒྱུ་མཚན་དེ་ལུ་བརྟེན་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་འབད་བ་ཅིན་ གལ་སྲིད་ ཚོགས་པ་དེ་གིས་ གཞུང་སྐྱོང་གི་ གོ་སྐོབས་ཐོབ་པ་ཅིན་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མིའི་གྲས་ཁར་ཚུདཔ་སྦེ་ བློན་པོའི་གོ་གནས་ཅིག་ ཕུལ་ནི་གི་དང་འདོད་ཡོད་ཟེར་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཀྱིས་ ཁོང་རའི་ ལྡོག་ཕྱོགས་ཀྱི་ འགན་འཁྲི་དང་བསྟུན་ཏེ་ བློན་པོའི་གོ་གནས་ཐོག་ གཞུང་སྐྱོང་དང་མཉམ་འབྲེལ་གྱི་ཕྱག་ལཱ་ཚུ་ མཛད་ཚུགས་པའི་ གོ་སྐབས་བཟང་པོ་ཡོད་ནི་དེ་གིས་ཨིན་ཟེར་བཤདཅི།
དེ་འབདཝ་ད་ གནད་དོན་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་མ་འགལ་བར་ འབད་ནི་དང་ རྩ་ཁྲིམས་ཆེན་མོའི་ནང་ ཆོག་དང་མི་ཆོག་ ཁ་གསལ་བཀོད་དེ་མེད་་པའི་ཁར་ ད་རུང་ དེ་ལུ་ ལྡོག་ཕྱོགས་ཀྱིས་ ངོས་ལེན་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་གི་ འཆར་གཞི་དང་ བསམ་འཆར་ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ལྷན་རྒྱས་གཞུང་ཚོགས་ཀྱི་གྲས་ཁར་ བཙུགས་མི་དེ་གིས་ གཞུང་སྐྱོང་གི་ཕྱག་ལཱ་ནང་ ག་ཅི་ར་མཛད་རུང་ དྭངས་གསལ་དང་ འགན་འཁྲི་ཅན་ཅིག་སྦེ་ ལག་ལེན་འཐབ་ཚུགས་པའི་ འོས་འབབ་ཡོདཔ་མ་ཚད་ ལྡོག་ཕྱོགས་དང་གཞུང་སྐྱོང་གི་བར་ན་ རང་སོའི་ འགན་འཁྲི་དང་ ལྕོགས་གྲུབ་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཞུ་ཐངས་ཀྱི་གནས་སྟངས་ཚུ་ཡང་ གཅིག་གིས་གཅིག་ལུ་ ལྟ་རྟོག་བཞག་ཚུགས་ནི་མས་ཟེར་ཨིན་པས།
དེ་དང་འབྲེལ་ བྷུ་ཊཱན་ཀུན་མཉམ་ཚོགས་པ་ནང་ འདས་པའི་བདུན་ཕྲག་ནང་ འདེམས་ངོ་༢༩ དེ་ཅིག་ གཏན་འཁེལ་སོང་ཡོད་པའི་གུ་ལུ་ ད་རུང་ དག་པ་ཅིག་ གཏན་འཁེལ་སོང་ཡི་ཟེར་ཨིནམ་ད་ ཤུལ་མའི་ཟླཝ་ནང་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment