གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགུ་སྐོར་རྐྱབ་སྟེ་ ཏི་རུ་བསྡུ་འབག་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

༡༨/༩/༢༠༡༢   ༉ ད་རེས་ཁམས་ཅིག་ཁར་ ཐིམ་ཕུའི་ཚོང་ཁང་དག་པ་ཅིག་ནང་ལས་ མགུ་སྐོར་རྐྱབ་སྟེ་ ཏི་རུ་བསྡུ་འབག་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༩ པའི་ཚེས་༡༥ འི་ཉིན་མར་ ཐིམ་ཕུ་ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


མི་ཚུ་གིས་ ཕོ་སྐྱེས་དེ་ ཐིམ་ཕུ་ཁྲོམ་ཁར་ མཐོང་ཡོདཔ་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ལྷོད་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ཚུ་སོང་སྟེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ལྟ་བཤལ་པའི་ ལམ་སྟོན་པ་ཨིན་མི་ ཕོ་སྐྱེས་དེ་གིས་ སྤྱི་ཟླ་༩ པའི་ཚེས་༥ འི་ཕྱི་རུ་ ཐིམ་ཕུ་ཨོ་ལ་ཁ་ལུ་ཡོད་པའི་ ཤེས་རིག་ཨིསི་ཀོ་ཡེར་ཚོང་ཁང་ནང་གི་ ཚོང་པ་ཅིག་ལུ་ ཤོབ་རྐྱབ་ཐོག་ལས་ དངུལ་ཀྲམ་༥,༠༠༠ ལེན་འབག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ ཕོ་སྐྱེས་དེ་གིས་ ཚོང་པ་ཚུ་ལུ་ མགུ་སྐོར་རྐྱབ་ཐོག་ལས་ ཏི་རུ་བསྡུ་འབག་ཡོདཔ་ཨིན་རུང་ ཁོ་གིས་ ཏི་རུ་ག་དེམ་ཅིག་ བསྡུ་ཡོདཔ་ཨིན་ནའི་སྐོར་ལས་ ད་ལྟོ་དབྱེ་ཞིབ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་འབད་བའི་སྐབས་ ཕོ་སྐྱེས་དེ་ལས་ ཨར་རྐུན་འབད་བའི་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ཡང་ ཐོབ་ཡོདཔ་ལས་ དབྱེ་ཞིབ་ཚུ་ ལོགས་སུ་སྦེ་ར་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཀུན་གསལ་གྱིས་ འདས་པའི་གནས་ཚུལ་བྲིས་བའི་སྐབས་ ཏི་རུ་བྱིན་མི་ ཚོང་པ་དེ་གིས་ ཕོ་སྐྱེས་དེ་གིས་ དབང་འདུས་ཕོ་བྲང་རྫོང་ བསྐྱར་བཞེངས་ཀྱི་དོན་ལུ་ཨིན་ཟེར་སླབ་སྟེ་ ཏི་རུ་བསྡུ་འབག་ཡོདཔ་སྦེ་ གསལ་བཀོད་འབད་ཡོདཔ་ཨིན་རུང་ ཕོ་སྐྱེས་དེ་གིས་ ཁོ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ལས་ཨིན་ཟེར་ སླབ་སླབ་མ་གཏོགས་ དབང་འདུས་ཕོ་བྲང་རྫོང་གི་སྐོར་ལས་ ག་ཅི་ཡང་ མ་སླབ་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཏི་རུ་ལེན་འབག་པའི་སྐབས་ལུ་ མགོ་སྐོར་ཐོག་ལས་ ལཱ་བྱ་འཐབ་ཡོད་པའི་སྐོར་ལས་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ པར་ཆས་ནང་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ ཚོང་ཁང་གཞན་ཚུ་ནང་ཡང་འཛུལ་ཏེ་ ཞིབ་དཔྱད་འབད་ལྟ་བའི་ཤུལ་ལུ་ གཱ་ཌཱན་ཨོཕ་ སཱེལསི་༢ པ་ཟེར་མི་ གྱོན་ཆས་ཚོང་ཁང་ནང་ ཚར་༢ འཛུལ་བའི་ཁར་ ཕྱི་རུའི་ཆུ་ཚོད་༥ དང་ སྐར་མ་༥༥ དེ་ཅིག་ལུ་ ཏི་རུ་༥,༠༠༠ ལེན་འབག་སོང་ཡོདཔ་ཨིན་པས།
ཏི་རུ་ལེན་པའི་སྐབས་ ཚོང་པ་དེ་ལུ་ ཁོ་གིས་ ཁོ་རའི་མིང་ བསོད་ནམས་ཚེ་རིང་ཨིན་ཟེར་ སླབ་ཡོདཔ་མ་ཚད་ འགྲུལ་འཕྲིན་ཨང་གྲངས་ཅིག་ཡང་ སྤྲོད་བཞག་མི་ཚུ་ ཕྱི་འགྱུར་ཨིན་མས་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment