གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ བཟོ་སྐྲུན་ལཱ་གི་ སྦྱོང་བརྡར་ལས་རིམ།

༢༠/༩/༢༠༡༢   ༉ འབྲུག་པའི་ ན་གཞོན་༢༠ འབད་མི་ སྡེ་ཚན་ཅིག་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ བཟོ་སྐྲུན་ལཱ་དང་འབྲེལ་བའི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ སྦྱོང་བརྡར་དེ་ ལས་འགུལ་ནང་ཁག་འབག་གི་ ལཱ་འབད་མི་ རྒྱ་གར་ལས་སྡེ་ ཧིན་དཱུསི་ཏཱན་གྱིས་ བྱིན་དོ་ཡོདཔ་ཨིན་པས།
ན་གཞོན་སྡེ་ཚན་ཅིག་གིས་ བཟོ་སྐྲུན་གྱི་སྦྱོང་བརྡར་འབད་བའི་བསྒང་།


སྤྱི་ཟླ་༩ པའི་ཚེས་༡༨ ལས་འགོ་བཙུགས་མི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྩི་ས་དང་བྱེམ་ རྡོ་རུ་སླ་བསྲེས་སྦྱོར་མི་འདམ་ བཟོ་ཐངས་ཀྱི་སྦྱང་བ་ཚུ་འབདཝ་ཨིན་པས།
ད་རེས་ རྒྱལ་ཁབ་ཡར་རྒྱས་འགྱོ་བའི་ ནམ་དུས་ལུ་ བཟོ་སྐྲུན་ལཱ་ལུ་ ཤུགས་བཏོན་དོ་ཡོད་པའི་ཁར་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་གྱི་ལཱ་ འབད་བའི་བསྒང་ཡོདཔ་ལས་ བཟོ་སྐྲུན་དང་འབྲེལ་བའི་ལཱ་ནང་ ཉམས་མྱོང་ཡོད་མི་དགོཔ་ཁག་ཆེ་ནི་དེ་གིས་ སློབ་རིམ་༡༠ པ་དང་༡༢ པ་ལས་ མཐར་འཁྱོལ་མི་ན་གཞོན་ཚུ་ལུ་ བཟོ་སྐྲུན་ལཱ་གི་ རིག་རྩལ་བྱིན་ནིའི་དོན་ལུ་ གཞུང་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་ལུ་ ལས་སྡེའི་ཁ་ཐུག་ལས་ སྦྱོང་བརྡར་ཚུ་རིན་མེད་སྟོང་པར་སྦེ་ བྱིན་དོ་ཡོད་པའི་ཁར་ ཉལ་ས་དང་ བཟའ་འཐུང་ཚུ་ཡང་བྱིན་དོ་ཡོད་མི་དེ་ གཙོ་བོ་ར་ ལས་སྡེ་གིས་ འབྲུག་རྒྱལ་ཁབ་ ཡར་རྒྱས་གཏང་ནི་ལུ་ གྲོགས་རམ་འབད་བའི་བརྡ་མཚོན་ཅིག་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ སྡེ་ཚན་དེ་གིས་ རྩི་ས་བཟོ་ཐངས་དང་ རྡོ་དང་ རྡོ་རུ་བླུགས་ཐངས་ཚུ་ སྦྱང་བ་འབད་དོ་ཡོདཔ་ད་ བཟོ་སྐྲུན་ལཱ་གི་དོན་ལུ་ དེ་བཟུམ་གྱི་མཁོ་ཆས་ཚུ་ ངེས་པར་དུ་དགོ་པའི་ཁར་ དེའི་སྤུས་ཚད་ཡང་ ཤེས་དགོཔ་གལ་ཆེ་བས་ཟེར་  རྒྱ་གར་ ཀཱོལ་ཀ་ཏ་ལས་འོང་མི་ སློབ་སྟོན་པ་ ཨར་སི་ཝ་སཱོན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་ལཱ་གི་དོན་ལུ་  རྩི་སའི་སྤུས་ཚད་དེ་ ག་ནི་བ་ལེགས་ཤོམ་དགོཔ་ཨིན་རུང་ སྤུས་ཚད་བརྟག་དཔྱད་འབད་མ་ཤེས་པ་ཅིན་ ལཱ་གི་གྲུབ་འབྲས་ལུ་ཐོ་ཕོག་ནི་ཨིནམ་ལས་ སྦྱོར་བརྡར་ལས་རིམ་དེ་གིས་ ལཱ་མ་འབད་བའི་ཧེ་མར་ རྩི་སའི་སྤུས་ཚད་ དབྱེ་ཞིབ་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་སླབ་པའི་ཁར་ ཁོ་གིས་ སྦྱོང་བརྡར་འབད་མི་ཚུ་ལུ་ ཧེ་མ་ར་ རྩི་ས་བཟོ་བའི་ཤུལ་ལས་ ཚན་རིག་བརྟག་དཔྱད་ཁང་ནང་ སྤུས་ཚད་བལྟ་ནིའི་རིག་རྩལ་ཚུ་ བྱིན་ཡོདཔ་ཨིན་པས།
རྩི་ས་བརྟག་དཔྱད་འབད་དགོ་མི་དེ་ མ་གཞི་རྩི་ས་ཚུ་ ཡོངས་གྲགས་ཅན་གྱི་ལས་སྡེ་ཚུ་གིས་ བཀྲམ་སྤེལ་འབདཝ་ཨིན་རུང་ ལ་ལུ་ཅིག་ལེགས་ཤོམ་མེདཔ་ལས་ ལཱ་འགོ་མ་བཙུགས་པའི་ཧེ་མར་ བརྟག་དཔྱད་འབད་བ་ཅིན་ ལེགས་ཤོམ་ཨིན་ཟེར་ཨིན་པས།
ཧིན་དཱུསི་ཏཱན་ལས་སྡེའི་ སྤུས་ཚད་བཟོ་རིག་འགོ་དཔོན་ ཅཱན་ད་ར་གུཔ་ཏ་གིས་ སླབ་མིའི་ནང་ སྡེ་ཚན་དེ་ ཉིནམ་༣ གྱི་རྒྱབ་ལས་ སྡེ་ཚན་༢ སྦེ་བཟོ་མི་ལས་༡ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ནང་ བཞག་ནི་དང་ གཞན་མི་སྡེ་ཚན་དེ་ དར་དཀར་ཆུ་ གློག་མེ་ལས་འགུལ་ནང་ གཏང་བཞིནམ་ལས་ ཟླཝ་༣ གྱི་རིང་ སྦྱོང་བརྡར་བྱིན་ནི་ ཨིན་པས།
སྦྱོང་བརྡར་དེ་ མཇུག་བསྡུ་བའི་སྐབས་ལུ་ ཁོང་ལུ་ ལཱ་གཡོག་གི་གོ་སྐབས་དེ་ ལས་སྡེ་དང་ གློག་མེ་ལས་འགུལ་གྱིས་ བྱིན་མི་ཚུགས་ནི་ཨིནམ་ལས་ ཁོང་གི་ལྕོགས་གྲུབ་དང་འཁྲིལ་ ལཱ་འཚོལ་དགོ་ཟེར་ ཅཱན་ད་ར་གུཔ་ཏ་གིས་སླབ་ཨིན་པས།
བཅའ་མར་གཏོགས་མིའི་གྲས་ལས་ ཚེ་དབང་ནོར་བུ་གིས་འབད་བ་ཅིན་ ལཱ་གི་གོ་སྐབས་མ་བྱིན་རུང་ སྦྱོང་བརྡར་ནང་བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་དེ་གིས་ར་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ནང་བཟོ་སྐྲུན་དང་འབྲེལ་བའི་ལཱ་གི་ གོ་སྐབས་མང་སུ་ཐོན་ནི་དེ་གིས་ ལས་རིམ་ནང་ལས་ཐོབ་པའི་རིག་རྩལ་དེ་གིས་ ལཱ་གི་གོ་སྐབས་ཐོབ་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment