གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོ་ནོར་མང་ཤོས་ར་ འཕརཝ་ཚུ་གིས་ བསད་དོ་ཡོདཔ།

༢༧/༩/༢༠༡༢   ༉ སོ་ནམ་ལྷན་ཁག་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་སྐོར་ལས་ ཞིབ་འཚོལ་ཅིག་འབདཝ་ད་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ མཐོ་ཤོས་ར་ འཕརཝ་ཚུ་ཨིན་པའི་མངོན་གསལ་བྱུང་ནུག།


ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ འཕརཝ་ཚུ་གིས་ ཡུདཔ་ཅིག་རྫོང་ཁག་ཆ་མཉམ་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་ནི་དེ་ མགྱོགས་དྲགས་སྦེ་ ཡར་སེང་འགྱོ་བཞིན་དུ་ཡོད་མིའི་ནང་ལས་ཡང་ མང་ཤོས་ར་ གནམ་དགུན་གྱི་ དུས་ཚོད་སྐབས་ གཡག་དང་ རྟ་ཚུ་ལུ་ གནོདཔ་བཀལཝ་ཨིན་པས་ཟེར་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཏུར་ས་རང་བཞིན་སྲུང་སྐྱོབ་ས་ཁོངས་ཀྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཁྱིམ་གུང་༦༩༧ དེ་ཅིག་ཡོད་པའི་ དཀར་འཚོ་དང་ སྦྱིས་ དབུས་སུ་ གསང་སྦས་རྒེད་འོག་༤ གི་ ས་ཁོངས་ཆ་མཉམ་ནང་ རི་དྭགས་སེམས་ཅན་ཚུ་གིས་  སྒོ་ནོར་ཚུ་ལུ་ གནོདཔ་བཀལ་བའི་ སྙན་ཞུ་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ལྷགཔ་ཅིག་ འཕརཝ་ཚུ་གིས་ གནོདཔ་བཀལ་བའི་ མངོན་གསལ་བྱུང་ཡོདཔ་ད་ འཕརཝ་༣ ལས་༡༥ གི་བར་ན་འབད་མི་ ཁྱུ་ཅིག་གིས་ གཡག་ཚུ་ལུ་ འཕྲལ་འཕྲལ་སྦེ་ར་ གནོདཔ་བཀལ་དོ་ཡོད་པའི་སྐོར་ མི་སེར་ཚུ་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕརཝ་ཚུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ མཐོང་གསལ་བྱུང་དོ་ཡོདཔ་ད་ འཕརཝ་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་ དཀའ་ངལ་དེ་ སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ ཕྱིས་ཁམས་ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ སོ་ནམ་པ་ཚུ་གིས་ སྒོ་ནོར་ཚུ་ མང་ཤོས་ར་ རྩྭ་ཁར་བཏང་བཞག་མི་ལུ་བརྟེན་ འཕརཝ་ཚུ་གིས་ འཇམ་ཏོང་ཏོ་སྦེ་ གནོདཔ་བཀལ་ཚུགསཔ་ཨིན་པས།
འཕརཝ་ཚུ་གིས་ དང་པ་ར་ ནོར་གྱི་མིག་ཏོ་དང་ ཨ་བུ་ལས་སྦེ་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།
འཕརཝ་གིས་ སྒོ་ནོར་བསད་པ་ཅིན་ སོ་ནམ་ཚུ་གིས་ རྒུད་འཐུས་འཐོབ་ནི་མེདཔ་ལས་ རང་སོའི་སྒོ་ནོར་ཚུ་ ནགས་ཚལ་ནང་ རྩྭ་ཁར་གཏང་བཞག་ནི་མི་འོང་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment