གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ དོག་མ་གི་ འོང་འབབ་རྒྱ་ཆེཝ་བཟོ་མི་ཚུགས་ནི།

༢༦/༩/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཆེན་ཕུག་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ས་སྒའི་ཤུལ་ལས་ར་ དོག་མ་ཤིང་དེ་ འབབ་ཁུངས་ཀྱི་ ཐོན་ཁུངས་གཙོ་ཅན་ཅིག་ཨིན་རུང་ དུས་ཅིའི་ལོ་ནང་ དངུལ་རྐྱང་གི་འོང་འབབ་ མར་འབབ་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།


དེ་ཡང་ གནམ་གཤིས་གནས་སྟངས་རྩུབ་དྲགས་ཡོད་མི་ལུ་བརྟེན་ དོག་མ་ཤིང་ཚུ་ལུ་ དོག་མ་ལེགས་ཤོམ་སྦེ་ མ་བཏགས་ནི་དེ་གིས་ཨིན་པས།
མི་སེར་ཞིང་པ་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༣ པ་ལས་༥ ཚུན་ གནམ་སོ་ཁ་ དོག་མ་ཤིང་ཚུ་ལུ་ མེ་ཏོག་ཤར་བའི་ དུས་ཚོན་ཨིན་རུང་ དུས་ཡུན་ཟླཝ་༣ གྱི་རིང་ ཆར་ཆུ་དཀོན་སོཔ་ལས་ མེ་ཏོག་ཤར་ནི་ལུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ ཆརཔ་རྐྱབ་པའི་བསྒང་ལས་ དོག་མ་ཤིང་གི་ མེ་ཏོག་མང་ཤོས་ར་ མེདཔ་བཏང་ནི་དེ་གིས་ དོག་མ་རེ་གཉིས་མ་གཏོགས་ མ་བཏགས་པས་ཟེར་ཨིན་པས།
དོག་མ་ཤིང་ཚུ་ལུ་ མེ་ཏོག་ཕྱེད་ཀ་དེ་ཅིག་ལས་ མ་ཤར་མི་ཚུ་ཡང་ ཆརཔ་གིས་མེདཔ་བཏང་ད་ཡི་ཟེར་ སོ་ནམ་པ་ སྐྱེས་ལོ་༦༣ ལི་མི་ ཧེམ་ལཱལ་ ཀཱཕ་ལེ་གིས་ སླབ་ཨིན་པས།
ཨ་ལུ་༩ གི་ཨ་པ་ ཧེམ་ལཱལ་ཀཱཕ་ལེ་གིས་ དོག་མ་ཚུ་ ཨ་སམ་ལུ་ བཙོང་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལྷགཔ་རེ་ བཟོ་ནི་ཡོད་རུང་ དུས་ཅིའི་ལོ་ནང་ དངུལ་ཀྲམ་༡༥,༠༠༠ དེ་ཅིག་ཡང་ འཐོབ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།
གླང་ཆེན་ཕུག་རྒེད་འོག་ནང་ གཡུས་ཚན་༡༥ དང་ ཁྱིམ་གུང་༢༥༦ ཡོདཔ་བཞིན་དུ་ ཁྱིམ་གུང་རེ་ལུ་ དོག་མ་ཤིང་༡༠༠ ལས་༢༠༠ གི་བར་ན་ཡོད་མི་ཚུ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༣༠,༠༠༠ ལས་ དངུལ་ཀྲམ་༧༠,༠༠༠ དེ་རེ་ འཐོབ་དོ་ཡོདཔ་ཨིན་པས།
ད་རུང་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ དུས་ཡུན་ཆུ་ཚོད་༡ ལམ་འགྱོ་དགོ་མི་ གོ་ལཱན་ཊི་གཡུས་ཚན་ལས་ སྐྱེས་ལོ་༦༣ ལང་མི་ བ་ལ་རམ་གྱིས་འབད་བ་ཅིན་ དོག་མ་ཤིང་གི་ ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་དོ་ཡོད་མི་དེ་ཡང་ ཤིང་དེ་ཚུ་ རྒསཔ་ཐོན་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
དོག་མ་ཤིང་ཚུ་ ལོ་༥༠-༦༠ ལང་ཞིནམ་ལས་ དོག་མ་མི་བཏགས་ནི་ཨིན་རུང་ ང་བཅས་ཀྱི་ཤིང་ཚུ་ ལོ་ངོ་༣༥ དེ་ཅིག་བརྒལ་ མ་ལངམ་ལས་ དོག་མ་བཏགས་དགོཔ་ཅིག་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རུང་ དོག་མ་ཚུ་གི་ ཚོང་འབྲེལ་དེ་ དགེ་ལེགས་ཕུག་བཟུམ་ཅིག་མེད་ཟེར་ སོ་ནམ་ཞིང་པ་ཚུ་གིས་ སླབ་མི་དེ་ཡང་ ཇོ་མོ་གཙང་ཁ་ལུ་ དོག་མ་ཀེ་ཇི་༥༠ འབད་མི་ ཕད་ཙི་ཅིག་ལུ་ དངུལ་ཀྲམ་༥༠༠ ཐོབ་ཨིན་རུང་ དགེ་ལེགས་ཕུག་ལུ་ རིན་བསྡུར་ཚོང་བསྒྱུར་ཐོག་ ཨ་སམ་གྱི་ མི་ཚུ་ལུ་བཙོངམ་ད་ དངུལ་ཀྲམ་༡,༠༠༠ རེ་ཐོབ་ཚུགས་པས་ཟེར་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment