གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༡༠ པ་ལས་ ཆུ་ཁྲལ་བརྒྱ་ཆ་༡༠ ཡར་སེང་འབད་ནི།

༢༢/༩/༢༠༡༢   ༉ ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ ད་ལས་ཕར་ ཚུལ་མཐུན་ཐོག་ལས་ འཐུང་ཆུ་ལག་ལེན་འཐབ་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཁྲོམ་སྡེའི་ཚོགས་འདུ་ཐེངས་༥ པའི་ནང་ འཐུང་ཆུའི་ཁྲལ་དེ་ ཤུལ་མའི་བདུན་ཕྲག་ལས་ བརྒྱ་ཆ་༡༠ ཡར་སེང་འབད་ནི་སྦེ་ ཆ་འཇོག་གྲུབ་ནི་དེ་གིས་ཨིན་པས།

ཆུ་ལག་ལེན་འཐབ་མི་ ཕུན་ཚོགས་གླིང་གི་སྡོད་ཁྱིམ་པ་ ཨམ་སྲུ་ཅིག།


ཁྲོམ་སྡེའི་མཐའ་འཁོར་གནས་སྟངས་སྡེ་ཚན་གྱིས་ འཐུང་ཆུའི་ཁྲལ་ ཡར་སེང་འབད་དགོ་པའི་ གྲོས་འཆར་དེ་ ཧེ་མའི་ ཁྲོམ་སྡེ་ཚོགས་འདུ་ནང་ བཀོད་ཡོདཔ་ད་ ད་ཚུན་ ལོ་༣ དེ་ཅིག་ ཁྲལ་མ་སེང་པར་ བཞག་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་སྡེ་ཚན་གྱི་འགོ་དཔོན་ འཇིགས་མེད་ཕུན་ཚོགས་ཀྱིས་ འབད་བ་ཅིན་ ཆུ་ཁྲལ་བསྡུ་མི་ལས་ལྷག་སྟེ་ འཐུང་ཆུ་བཀྲམ་སྤེལ་ནང་ ཟད་འགྲོ་འགྱོ་མི་དེ་ཡང་ ཉམས་བཅོས་ཀྱི་ལཱ་ ལེ་ཤ་ཐོན་ནི་དེ་གིས་ཨིན་ཟེར་ཨིན་པས།
རྒྱུན་སྐྱོང་གི་ཟད་འགྲོ་ མང་སུ་གནས་མི་དེ་ཡང་ གཙོ་བོ་ར་ སྤྱི་ལོ་༢༠༡༠ དང་༢༠༡༢ གི་བར་ན་ ཅ་ཆས་ཚུ་གི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཆུ་དུང་དང་ ཚད་འཛིན་འཕྲུལ་ཆས་ དེ་ལས་ རྩི་ས་ཚུ་ནང་ གོང་ཚད་བརྒྱ་ཆ་༥༣ དང་ ཤིང་ཆས་ཀྱི་རིགས་ཚུ་ བརྒྱ་ཆ་༩༠ དེ་ཅིག་གིས་ ཡར་སེང་འགྱོ་བའི་ཁར་ ལས་མིའི་གླ་ཆ་ཡང་ ཡར་སེང་སོང་ཡོདཔ་ཨིན་པས།
ཆུ་ཁྲལ་བརྒྱ་ཆ་༡༠ ཡར་སེང་གི་ གྲོས་འཆར་བཙུགས་དགོ་པའི་ གནད་དོན་ཅིག་ ཁྲོམ་སྡེ་ནང་ ཨ་རྟག་དང་ཕྱདཔ་ད་ ཟད་འགྲོ་བརྒྱ་ཆ་༡༠ དེ་ཅིག་ འོང་འབབ་ལས་ལྷགཔ་སྦེ་ འཛེགས་ནི་དེ་གིས་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ སླབ་མིའི་ནང་ ང་བཅས་ཀྱི་ལས་སྡེ་དེ་ རང་སྐྱོང་འབད་ནི་དེ་གིས་ ཡུན་བརྟན་གནས་ནིའི་དོན་ལུ་ འོང་འབབ་བཟོ་དགོཔ་ ཡོད་ཟེར་ཨིན་པས།
ཆུ་ཁྲལ་བསྐྱར་བཟོ་འབད་བའི་ཤུལ་ལས་ ཧེ་མ་གི་ འཐུང་ཆུའི་ཁྲལ་དེ་ ཀིའུ་བིག་མི་ཊར་རེ་ལུ་ ཁྲལ་བརྒྱ་ཆ་༢.༣ འབད་མི་ཚུ་ ད་ལས་ཕར་ ཀིའུ་བིག་མི་ཊར་ རེ་རེ་ལུ་ བརྒྱ་ཆ་༢.༥༣ གནས་ནི་ཨིནམ་ད་ དེ་བཟུམ་སྦེ་ མི་རེ་གིས་ ཁྲལ་དངུལ་ཀྲམ་༤༦ སྤྲོད་མི་ཚུ་ དངུལ་ཀྲམ་༥༠.༦ སྤྲོད་དགོ་ནི་ཨིན་པས།
འཇིགས་མེད་ཕུན་ཚོགས་ཀྱི་འབད་བ་ཅིན་ ཆུ་ཁྲལ་ཡར་སེང་འབདཝ་ད་ ཚོང་འབྲེལ་དང་ བཟོ་གྲྭ་ གཙུག་སྡེ་ དེ་ལས་ ནང་འཁོད་ཀྱི་ ལག་ལེན་འཐབ་མི་རྩིས་ཏེ་ དབྱེ་ཁག་༤ གི་ཐོག་ལུ་ ཡར་སེང་འབད་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་མང་ཤོས་ཅིག་ལུ་ར་ ས་འོག་ལས་ཐོན་མི་ འཐུང་ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཉུང་སུ་ཅིག་ལུ་  འབབ་ཆུ་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
འགོ་དཔོན་དེ་གིས་ སླབ་མི་དང་འཁྲིལཝ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ ཉིནམ་༡ ལུ་ར་ ཕོ་ཚོད་དཔག་པ་ཅིན་ འཐུང་ཆུ་ཀིའུ་བིག་མི་ཊར་༡༠,༠༠༠ དེ་ཅིག་ ལག་ལེན་འཐབ་མས་ཟེར་ཨིནམ་ད་ ཞལ་འཛོམས་ནང་ལུ་ཡང་ ཅ་ཆས་ཚུ་གི་ གོང་ཚད་དང་ གླ་ཆ་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ འཐུང་ཆུ་བཀྲམ་སྤེལ་གྱི་ འཐུས་ཚུ་ཡང་ དངུལ་ཀྲམ་༥༠༠ ལས་༡༠༠༠ གུ་ ཡར་སེང་འབད་ནི་སྦེ་ ཁ་འཆམ་ཅི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment