གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ རུ་པི་ཐོབ་ཐབས་ལུ་ ཐབས་བྱུས་ལག་ལེན་ མཐར་འཁྱོལ་བྱུང་མ་ཚུགསཔ།

༢༦/༩/༢༠༡༢   ༉ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བདུན་ཕྲག་༡ ཀྱི་རིང་ དྲི་ཞིབ་འབད་བའི་ཤུལ་ལུ་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་གི་ ལས་བྱེདཔ་ཅིག་གིས་ ནང་འདྲེན་པ་གཞན་ཚུ་གི་ མིང་བཙུགས་ཐོག་ལས་ ཡིག་ཆ་རྫུས་བཟོ་དང་ ཤོབ་རྐྱབ་སྟེ་ ཅ་ཆས་གསལ་སྟོན་འབད་བའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།


ལུང་ཕྱོགས་ཡིག་ཚང་གིས་ ཞིབ་དཔྱད་ཀྱི་ལཱ་ཚུ་ འབད་ཚར་ཡོདཔ་ཨིན་རུང་ དེ་ལུ་ ཉེས་བྱ་ཚུ་ ག་དེ་སྦེ་ བཀལ་ནི་ཨིན་ནའི་སྐོར་ལས་ གྲོས་ཐག་བཅད་དགོཔ་ཡོདཔ་ད་ གལ་སྲིད་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ ཐོ་བཀོད་མ་འབད་མི་ཨིན་པ་ཅིན་ ཅ་ཆས་ཚུ་གི་ གནས་གོང་དང་ ཁྲལ་ཕོག་མི་ལས་ ཉེས་བྱ་བརྒྱ་ཆ་༥༠ རེ་ བཀལ་དོ་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཡིག་ཚང་ལྟེ་བ་ལུ་ སྙ་ཞུ་འབད་ཡོདཔ་ལས་ ཉེས་བྱ་ག་བཟུམ་བཀལ་ནི་ཨིན་ན་ ཡིག་ཚང་གི་ བཀའ་རྒྱ་ལུ་ བསྒུག་ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་ཁ་ལུ་སྡོད་མི་ ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ ཕོ་ཚན་ཤུབས་དང་ ཨ་ལུའི་ཆུ་སྲུང་ཌའི་པར་ དེ་ལས་ ཆབ་གསང་གི་ ཅ་ཆས་ཡོད་ཚུ་ ཕུན་ཚོགས་གླིང་གི་ སྨན་ཚོང་ཁང་༡ དང་ ཐིམ་ཕུའི་བཟའ་ཆས་ཚོང་ཁང་ཅིག་གི་ཨིན་ཟེར་སླབ་མི་ ཕོ་སྐྱེས་ཅིག་ ཅ་ཆས་ཐོ་བཀོད་སྡེ་ཚན་ནང་ འོང་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་གི་ཧེ་མ་ཡང་ ཁོ་གིས་ ཁོ་རའི་ ཡིག་ཚང་གི་ ཅ་ཆས་ཚུ་ཨིན་ཟེར་སླབ་སྟེ་ ཐོ་བཀོད་འབད་བར་ འོང་ཡི་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ཆབ་གསང་གི་ ཅ་ཆས་ཚུ་དང་ ཁོ་རའི་ ཡིག་ཚང་གི་ ཅ་ཆས་ཚུ་ སོ་སོར་སྦེ་ གསལ་བཀོད་འབད་ཡོདཔ་ཨིན་རུང་ ཤུལ་ལས་ གསལ་བཀོད་འབད་བའི་ འབྲི་ཤོག་༢ གཅིག་ཁར་བཏབ་སྟེ་ ཅ་དམ་ཡིག་ཚང་ནང་ བཙུགས་ནུག་ཟེར་ཨིན་པས།
དེ་འབདཝ་ད་ ཅ་དམ་འགོ་དཔོན་ཚུ་གིས་ ཅ་ཆས་ཚུ་ ཞིབ་དཔྱད་རྐྱབ་ད་ དངོས་མཐོང་སྦེ་ གསལ་སྟོན་འབད་ནི་མེདཔ་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་ཐོབ་ཐབས་ལུ་ མགུ་སྐོར་རྐྱབ་ནི་གི་ རྩིས་རྐྱབ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ཕོ་སྐྱེས་དེ་གིས་ གནས་གོང་དངུལ་ཀྲམ་༡༥༥,༩༡༦ དེ་ཅིག་གི་ ཅ་ཆས་ཚུ་ཡོད་པའི་ གསལ་སྟོན་འབད་ཡོདཔ་ད་ ཁོ་གིས་ ནང་འདྲེན་པ་༢ ཀྱི་ ཅ་ཆས་ཨིནམ་སྦེ་ སླབ་ཡོད་མི་ལུ་ ཅ་དམ་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབདཝ་ད་ ཁོང་༢ ཀྱིས་ ཉིནམ་དེ་ནང་ ག་ཆས་ག་ནི་ཡང་ ནང་འདྲེན་མ་འབད་བའི་ ངོས་འཛིན་བྱུང་ནུག།
སྒོ་ར་ཁའི་འགོ་འཛིན་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ དོགས་པ་ཅན་དེ་གིས་ ནང་འདྲེན་པ་དེ་གཉིས་ཀྱི་ ཁྲལ་གྱི་ཨང་གྲངས་ཚུ་ འབྲི་ཤོག་ནང་བྲིས་ཏེ་ ལོག་སྤྱོད་འབད་ནུག་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཉེས་ལས་འཐབ་མི་ལུ་ ཁ་བཟེད་དེ་ ཉེས་བྱ་བཏབ་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ལུང་ཕྱོགས་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལས་ སྤྱི་ཟླ་༧ པའི་ཚེས་༢༤ ཚུན་ཚོད་ ཅ་ཆས་ཀྱི་ཐོ་ཡིག་ནང་ གནས་གོང་ཡར་སེང་ཐོག་ བཀོད་མི་དང་ ཅ་ཆས་མེད་རུང་ཡོདཔ་སྦེ་ གསལ་སྟོན་འབད་བའི་ ཉེས་བྱ་དངུལ་ཀྲམ་༢༧༧,༢༦༡་དང་ ཁྲལ་དངུལ་ཀྲམ་༡,༤༡༤,༩༤༥ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ ཉེས་བྱ་ཚུ་ ཅ་ཆས་ཀྱི་ གནས་གོང་ཡོངས་བསྡོམས་གི་ བརྒྱ་ཆ་༥༠ དང་ཁྲལ་བཀལཝ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment