གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་པ་བྱོག་སོང་མི་༢ ལུ་ རྒྱབ་སྐྱོར་འབད་མི་འཛིན་བཟུང་།

༢༨/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༢ ལུ་ ཐིམ་ཕུ་ཁྲོམ་སྡེ་ཁྲིམས་སྲུང་འགག་སྡེའི་ དོ་དམ་ཁང་ནང་ལས་ བྱོག་སོང་མི་ བཙོན་པ་༢ ལུ་ གནསཔ་བརྙ་བཅུག་མི་ སྤ་རོ་ལས་ སྐྱེས་ལོ་༤༠ ལང་མི་ ཕོ་སྐྱེས་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ བཙོན་པ་༢ ཧཱ་ལུ་ བྱོག་འགྱོ་བའི་བསྒང་ཨིན་པས།


ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཙན་ཏོག་རྒེད་འོག་ མི་རྩིས་གཡུས་ཚན་ལས་ཨིན་མི་ སོ་ནམ་ཞིང་པ་དེ་གིས་ བཙོན་པ་༢ ཁོ་གི་ཁྱིམ་ནང་ ཞག་༢ སྡོད་བཅུག་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་གནས་ནང་ འཚོལ་ཞིབ་འབད་བའི་སྐབས་ ཁོ་རའི་ ཨེ་པཱལ་ལྡུམ་ར་ནང་ གཡིབ་བཞག་པའི་ཁར་ རྒྱགས་སྐལ་ཡང་ བྱིན་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ དོ་དམ་ཁང་ནང་ལས་ བྱོག་སོང་མི་༢ ཀྱི་གྲས་ལས་ བཀྲིས་གཡང་རྩེ་ གླི་ཅན་ལས་ སྐྱེས་ལོ་༢༣ ལང་མི་ ངག་དབང་རྡོ་རྗེ་དེ་ ཧེ་མ་ཡང་ ཕོ་སྐྱེས་དེ་དང་གཅིག་ཁར་ སྤ་རོའི་ནུབ་ཕྱོགས་ཀྱི་ ས་མཚམས་ནང་ཡང་ སོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགོ་དཔོན་ཚུ་གིས་ ཁོང་༢ བྱོག་སོང་མི་དང་འཁྲིལ་ དབྱེ་ཞིབ་འབདཝ་ད་ ཕོ་སྐྱེས་དེ་གི་ འགྲུལ་འཕྲིན་ཨང་གྲངས་ཐོབ་ཡོདཔ་ལས་ ཁོ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ མི་༢ ཁོ་འབད་སར་ རྒྱབ་སྐྱོར་འཚོལ་བར་ མ་འོང་ག་ཟེར་དྲིཝ་ད་ སླབ་མ་བཏུབ་མ་ཚད་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ཡང་ ཕོ་སྐྱེས་དེ་གི་ཁྱིམ་ནང་ དྲི་ཞིབ་འབད་བར་ སོངམ་ད་ཡང་ བཙོན་པ་༢ ཁོ་གི་ཁྱིམ་ནང་བཞག་སྟེ་ ངོས་ལེན་འབད་མ་བཏུབ་ཟེར་ སླབ་ཨིན་པས།
ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་དང་ མཉམ་འབྲེལ་འབད་ཡོད་པ་ཅིན་ བཙོན་པ་༢ འཚོལ་ནིའི་ནང་ ཟད་འགྲོ་སྦོམ་སྦེ་ མ་གནསཔ་འོང་ཟེར་ཨིན་པས།
ཁོང་༢ དོ་དམ་ཁང་ནང་ལས་ བྱོག་སོང་སྟེ་ ཉིན་གྲངས་༤ གི་རྒྱབ་ལས་ ཧཱ་ས་དམར་རྒེད་འོག་ལས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment