གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་༡༥ ཐའེ་ལེནཌི་ལུ་ སློབ་སྟོན་འབད་བར་འགྱོ་ནི།

༡༤/༩/༢༠༡༢   ༉ སྤྱི་ཟླ་༡༠ པའི་ནང་ལས་ ཨིང་སྐད་ཀྱི་ སློབ་དཔོན་༡༥ ཐའི་ལེནཌི་ལུ་འགྱོ་ནི་ཨིན་མི་དེ་ གཏན་འཁེལ་སོང་ཡོདཔ་བཞིན་དུ་ ཕྱིའི་རྒྱལ་ཁབ་ནང་ ད་རེས་ འབྲུག་གི་སློབ་དཔོན་འགྱོ་ནི་དེ་ འགོ་དང་པ་ཨིན་པས།
ཐའི་ལེནཌི་ལུ་ སློབ་སྟོན་འབད་བར་འགྱོ་ནི་ཨིན་མི་ སློབ་དཔོན་ཚུ།


སློབ་དཔོན་གྱི་ ས་སྟོང་གི་དོན་ལུ་ ཞུ་ཡིག་བཙུགས་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༧༢ ཡོད་མིའི་གྲས་ལས་ སྐུགས་བརྒྱ་ཆ་༥༥ ཡན་ཆད་འབད་མི་ཚུ་གདམ་འཐུ་འབད་ཡོདཔ་ཞིནམ་དུ་ མི་གྲངས་༩༨ ཕྱིར་སེལ་རྐྱབ་སྟེ་ འབྲི་རྒྱུགས་ལེན་ཐོག་ལས་ སློབ་དཔོན་༤༠ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
དེའི་གྲས་ལས་ ཐའི་ལེནཌི་ལུ་འགྱོ་མི་ངོ་མ་ དྲི་བ་དྲི་ལན་འབད་བའི་ཤུལ་ལུ་ སློབ་དཔོན་༢༠ རྐྱངམ་གཅིག་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
སློབ་དཔོན་༢༠ གི་གྲས་ལས་༡ གིས་ དགོངས་ཞུ་འབད་ཡོདཔ་ད་ གཞན་མི་༡༩ ཡོད་ས་ལས་༡༥ ཤུལ་མའི་ཟླཝ་འགོ་བཙུགསཔ་ད་ འགྱོ་ནི་ཨིན་པས།
ལྷག་ལུས་སློབ་དཔོན་༤ པོ་དེ་ དགོས་མཁོ་དང་བསྟུན་ ལྷན་ཁག་གིས་ བལྟ་ཞིབ་འབད་དེ་གཏང་ནི་ཟེར་ཨིན་པས།
འཕྲལ་ཁམས་ཀྱི་གནས་སྟངས་ནང་ ཕྱིའི་རྒྱལ་ཁབ་ལས་ འབྲུག་མི་ལས་བྱེདཔ་གི་ དགོས་མཁོ་བཀོད་མི་ ལེ་ཤ་ཅིག་ར་ཐོན་ཡོདཔ་ཨིན་རུང་ ལཱ་དང་འབྲེལ་བའི་ རིག་རྩལ་དང་ ཁྱད་རིག་ཅན་ཚུ་ བཙག་འཐུ་འབད་དེ་ གཏང་ནི་གི་ དམིགས་ཡུལ་ཨིན་པས།
ད་ཚུན་ འབྲུག་ལས་ཕྱི་ཁར་ ལས་མི་ག་ཐོབ་སྦེ་ མ་གཏངམ་ལས་ ད་ལྟོ་འགོ་དང་པ་ཨིན་ཟེར་ཨིན་པས།
ལས་གཡོག་བློན་པོ་གིས་ གསུངས་མིའི་ནང་ འབྲུག་པའི་མི་ཁུངས་ ཐའི་ལེནཌི་ལུ་ ལཱ་འབད་བར་འགྱོ་མི་དེ་ ཐེངས་དང་པ་མེན་རུང་  མཁས་རིག་ཅན་གྱི་ལས་མི་ གཞུང་འབྲེལ་ཐོག་ལས་བཏང་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ དེ་བཟུམ་མའི་ མཉམ་འབྲེལ་ལས་རིམ་དེ་ འབྲུག་གི་དོན་ལུ་ གོ་སྐབས་གསརཔ་ཅིག་ ཨིན་ཟེར་ཨིན་པས།
བློན་པོ་གིས་ བཙག་འཐུ་གྲུབ་མི་ སློབ་དཔོན་ཚུ་ལུ་ གསུངས་མིའི་ནང་ ཐའི་ལེནཌི་ལུ་ འགྱོ་བའི་ཤུལ་ལུ་ རང་སོའི་འགན་འཁྲི་ཚུ་ཅི་ཨིན་ན་ སེམས་ཁར་བཞག་ཞིནམ་ལས་ འབྲུག་གི་སྐུ་ཚབ་བཟུམ་ཅིག་སྦེ་ ཕྱག་ལེགས་ཤོམ་ཞུ་དགོཔ་དེ་ གལ་ཆེ་ཟེར་གསུངས་ཡི།
དེ་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་ནང་ གཞུང་འབྲེལ་ཐོག་ སློབ་དཔོན་སྦེ་བཏང་ནིའི་དོན་ལུ་ བཙག་འཐུ་འབད་ནི་དེ་ ལཱ་ཁག་ཡོད་མི་དེ་ཡང་ མི་ངོ་ཚུ་ལྕོགས་གྲུབ་ཅན་དང་ ཤེས་ཡོན་གྱི་ཁྱད་ཚད་ཡོད་མི་ཚུ་ བཙག་འཐུ་འབད་དགོཔ་མ་ཚད་ སློབ་དཔོན་ལས་ལྷག་པའི་ འགན་ཁུར་རྩ་ཅན་འབག་མི་ཅིག་ མེདཔ་ལས་ ལྕོགས་གྲུབ་ཅན་གྱི་ སློབ་དཔོན་གྱི་གྲས་ཁར་ བཙག་འཐུ་གྲུབ་ཚུགས་མི་ལུ་ ངལ་རང་ཡོད་ཟེར་གསུངས་ཡི།
གཞུང་འབྲེལ་ཐོག་ལས་བཏང་མིའི་སློབ་དཔོན་ཚུ་གིས་ ཐེའི་ལེནཌི་གི་ལག་རྩལ་སྦྱོང་བརྡར་སྤེལ་ཁང་༤༣༣ དེ་ཅིག་ཡོད་མི་ཚུ་ནང་ སློབ་སྟོན་འབད་ནི་ཨིནམ་ད་ ཐེངས་གཉིས་པ་དེ་ སྨན་གཡོགམོ་སློབ་སྦྱོང་སྤེལ་ཁང་ཚུ་ནང་ སློབ་སྟོན་འབད་ནི་གི་དོན་ལུ་གཏང་ནི་ཨིན་པས།
མ་གཞི་ ལས་འགུལ་དེ་ འགོ་བཙུགས་ཏེ ལོ་༥ དེ་ཅིག་སོང་ཡོདཔ་ཨིན་རུང་ དུས་ཅི་རྐྱངམ་གཅིག་ལས་བཏང་ཚུགས་ཡོདཔ་ད་ བཙག་འཐུ་གྲུབ་མི་སློབ་དཔོན་༡༥ དེ་ ལོ་༡ གི་དོན་ལུ་ཨིནམ་བཞིན་དུ་ དུས་ཡུན་ཚང་བའི་ཤུལ་ལུ་ གནས་ཡུན་ཡར་སེང་འབད་ནི་ཨིནམ་ད་ ཁོང་ལུ་ ཟླ་རིམ་གྱི་དངུལ་ཕོགས་གུ་ སྡོད་སའི་ཁྱིམ་ཡང་ འཐོབ་ནི་ཨིན་པས།
བཙག་འཐུ་གྲུབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་གྱི་གོ་སྐབས་ཐོབ་མི་ལུ་ སྤྲོ་བ་དང་འདོད་ཀྱི་ཐོག་ལས་ ཐེའེ་ལེནཌི་གཞུང་གི་ རེ་འདོད་འགྲུབ་ཐབས་ལུ་དང་ འབྲུག་གི་མིང་གཏམ་བཞག་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ཞུ་འོང་ཟེར་ཨིནམ་ད་ ཁོང་ཚུ་ལུ་ སློབ་སྟོན་གྱི་སྦྱོར་བརྡར་ཉིནམ་༡༠ གྱི་རིང་ བྱིན་ཡོདཔ་མིའི་ མཇུག་བསྡུའི་ ལག་འཁྱེར་ཚུ་ཡང་ ཁ་ཙ་ ལཱ་གཡོག་བློན་པོ་གིས་ གནང་ཡོདཔ་ཨིན་པའི་གནས་ཚུལ།

སངས་རྒྱས་དཔལ་འབྱོར།

No comments:

Post a Comment