གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ཆོས་འཁོར་སྟོད་ལུ་ མཆོད་རྟེན་སློངས་ཡོདཔ།

༡༩/༩/༢༠༡༢   ༉ མི་ངན་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ གྱི་ཕྱི་རུ་ ཆོས་འཁོར་སྟོད་རྒེད་འོག་ མཁར་ས་གཡུས་ཚན་གྱི་ ཀུ་རུང་སྦ་ གཡུས་ཚན་ནང་ མ་ཎི་གདངས་རིངམོ་གི་མཆོད་རྟེན་གསུམ་སློངས་མི་ལས་ མཆོད་རྟེན་གཉིས་ཀྱི་ནང་གཟུངས་ཚུ་ག་ར་ བཏོན་འབག་སོང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བཤད་དོ་བཟུམ་འབད་བ་ཅིན་ མི་ངན་ཚུ་གིས་ མཆོད་རྟེན་གདངས་རིངམོ་གསུམ་ སློངས་ཡོད་མི་ལས་ གཅིག་འདི་ ལོ་ངོ་དག་པ་ཅིག་གི་ཧེ་མ་ཡང་ ཚར་ཅིག་སློངས་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ ལོག་བཞེངས་ཡོདཔ་ལས་ ནང་གཟུངས་ཚུ་  མ་འབག་པར་བཞག་ནུག་ཟེར་ཨིནམ་ད་ གཞན་མི་གཉིས་ཀྱི་ ནང་གཟུངས་ཚུ་ག་ར་ བཏོན་འབག་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ མཁར་ས་གི་ སྤྱི་དཔོན་གྱིས་ སྙན་ཞུ་འབད་ཡོད་རུང་ མ་ཎི་གདངས་རིངམོ་དེ་ ནམ་བཞེངས་བཞེངསམ་ཨིན་ན་དང་ གཟུངས་ག་ཅི་ར་བཙུགས་ཡོདཔ་ཨིན་ན་ གཡུས་མི་ག་གིས་ཡང་ མི་ཤེས་པས་ཟེར་ཨིན་པས།
རྫོང་ཁག་ནང་ འདས་པའི་ཟླཝ་དག་པ་ཅིག་ནང་ཡང་ མཆོད་རྟེན་ཅིག་སློངས་ཡོདཔ་ལས་ མི་ངན་ཚུ་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་བསྒང་ཡོདཔ་ད་ དེ་བཟུམ་མའི་བྱ་ངན་དེ་ རྫོང་ཁག་གི་དྲང་དཔོན་དང་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ རྒེད་འོག་ནང་སོང་སྟེ་ བྱ་ངན་གྱི་སྐོར་ལས་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་ཤུལ་ལུ་ ད་རེས་ཀྱི་བྱ་ངན་འབད་མི་དེ་ འགོ་དང་པ་ཨིན་པས།
བྱ་ངན་གྱི་ལཱ་བྱ་འཐབ་མིའི་གནད་དོན་སྐོར་ལས་ ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ ད་ལྟོ་ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment