གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་འཆང་སྤྱོད་འབད་མི་ ཕོ་སྐྱེས་ཅིག་གི་ སྟ་གོན་སྙན་གསན།

༢༠/༩/༢༠༡༢   ༉ དར་དཀར་ནང་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་འཆང་སྤྱོད་འབད་མིའི་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༢ ཡོད་མི་ལས་༡ གི་ སྟ་གོན་སྙན་གསན་དེ་ ཁ་ཉིནམ་ འབད་ཡོདཔ་ཨིན་པས།


དེ་ཡང་ རྡོ་རོ་ནང་རྒེད་འོག་ ཉིམ་ཏོ་ལ་གཡུས་ཚན་ལས་ཨིན་མི་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་དེ་གིས་ ཁྲིམས་འགལ་ཐོག་ལས་ སི་ག་རེཊ་གམ་༤ དང་ ཏམ་ཁུ་བཱ་བ་ཤོག་སྒམ་༢༤ དེ་ལས་ བི་ཌི་ཤོག་སྒམ་༡༠ འཆང་སྤྱོད་འབད་མི་ལུ་བརྟེན་ དར་དཀར་དཔལ་ལ་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༨ པའི་ཚེས་༥ ལུ་ འཛིན་བཟུང་འབད་བའི་ཤུལ་ལས་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཏམ་ཁུའི་རིགས་ཚུ་ གསང་བའི་ཐོག་ ལྷ་མོའི་རྫིང་ཁ་ལས་ དར་དཀར་དཔལ་ལ་བརྒྱུད་དེ་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ འབག་འོང་ནིའི་ དཔའ་བཅམ་ཡོདཔ་བཞིན་དུ་ དེ་ཚེ་ནུབ་མོ་ དར་དཀར་དཔལ་ལ་ ལྟག་གི་སྒང་ཟུར་གཡུས་ཚན་ནང་ གཡུས་མི་ཅིག་གི་ཁྱིམ་ནང་ གནསཔ་བརྙ་སྡོད་པའི་སྐབས་ ཁོ་དང་གཅིག་ཁར་ ཏམ་ཁུ་ཡོདཔ་མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ལྷ་མོའི་རྫིང་ཁ་དང་ ཉིམ་ཏོ་ལ་གཡུས་ཚན་གྱི་བར་ན་ འཁོར་ལམ་མེདཔ་ད་ དེ་ནང་ རྐང་སྟོང་འགྱོ་བ་ཅིན་ ཉིན་ལམ་༡ འགོར་དོ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཏམ་ཁུ་དེ་ ད་རེས་ནངས་པ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ ཧིན་དཱུསི་ཏཱན་བཟོ་སྐྲུན་ལས་སྡེའི་ ལས་མི་ཚུ་ལུ་ བཙོང་ནིའི་དོན་ལས་ འབག་འོང་ཡི་ཟེར་ ཁ་བཟེད་ཡོདཔ་ཨིན་པའི་གནས་ཚུལ།


དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment