གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་༡ སྣུམ་འཁོར་གྱིས་ འཐུ་བཀོག་སྟེ་བསད་ཡོདཔ།

༡༩/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཕྱི་རུའི་ཆུ་ཚོད་༧ དང་སྐར་མ་༡༦ དེ་ཅིག་ཁར་ ཐིམ་ཕུ་ཁྲོམ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་གནས་ ཨོ་ཁ་ལུ་ཡོད་པའི་ ཧོན་ཌཱའི་སྣུམ་འཁོར་འགྲེམས་སྟོན་ཁང་གི་ ཉེ་འདབས་ལུ་ མགྱོགས་ལམ་ཁར་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ སྣུམ་འཁོར་གྱིས་ འཐུ་བཀོག་བའི་ཤུལ་ལུ་ སྨན་ཁང་ནང་ལྷོདཔ་ད་ ཤི་སོཔ་ཨིན་པས།


དེ་ཡང་ ཧོན་ཌཱའི་སྣུམ་འཁོར་འགྲེམས་སྟོན་ཁང་ནང་ ཕྱགསམ་འཕྱག་མི་ ཚེ་འདས་ཨམ་སྲུ་དེ་ རྐྱེན་ངན་བྱུང་བའི་སྐབས་ལུ་ མགྱོགས་ལམ་བརྒལ་ཏེ་ འགྲེམས་སྟོན་ཁང་གི་ མགྱོགས་ལམ་གྱི་སྦོ་ལོགས་ཁར་ མོ་རའི་ཁྱིམ་ནང་ འགྱོ་བའི་བསྒང་ཨིན་པས།
ཨམ་སྲུ་འཐུ་བཀོག་མི་ སྣུམ་འཁོར་དེ་ བྱོག་ཡར་སོཔ་ལས་ ད་ལྟོ་ བདའ་ཟུན་མ་ཚུགས་པར་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ལུ་ ཁྲིམས་སྲུང་འགག་པ་ཚུ་ ས་ཁོངས་ནང་ སྒྲིག་གཡོག་རྒྱུག་སྟེ་ ཡོདཔ་ཨིན་རུང་ བྱུང་རྐྱེན་དེ་གི་སྐོར་ལས་མ་ཤེས་པར་ཡོདཔ་ད་ ཤུལ་ལས་ མགྱོགས་ལམ་བརྒྱུད་དེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཊུག་སཱན་བདའ་མི་ཅིག་གིས་མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ དེ་འཕྲོ་ལས་ ས་གནས་ནང་ འགྱོ་ལྟ་བའི་བསྒང་ལས་ མི་ལེ་ཤ་སྤུངས་ཡོདཔ་སྦེ་ མཐོང་ཡི་ཟེར་ཨིནམ་ད་ ཨམ་སྲུ་དེ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བསྐྱལ་བའི་ཤུལ་ལུ་ ནུབ་མོའི་ཆུ་ཚོད་༨ དང་ སྐར་མ་༤༥ དེ་ཅིག་ཁར་ ཤི་སོཔ་ཨིན་པས།
བཀྲིས་སྒང་གཡང་གཉེར་ལས་ཨིན་མི་ ཚེ་འདས་ཨམ་སྲུ་དེ་ མོ་རའི་ཕམ་དང་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཚེ་འདས་ཨམ་སྲུ་གི་ མགུ་ཏོ་དང་ བྱང་ཁོག་གུ་ སྣུམ་འཁོར་གྱིས་ ཤུགས་སྦེ་ར་ བརྡུངས་བྱིན་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ གནས་ཚུལ་བཤད་མི་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment