གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམག་སྡེའི་འགུབ་བདག་ཅིག་གིས་ ལག་ཁྲམ་མེད་པའི་ས་ཆ་ནང་ སྒྲིང་ཁྱིམ་བཟོ་སྐྲུན།

༢༩/༩/༢༠༡༢   ༉ དགེ་ལེགས་ཕུག་རྒེད་འོག་ ལས་སྐྱིད་ཐང་ལུ་ ལག་ཁྲམ་མེད་པའི་ ས་ཆ་ནང་ སྒྲིང་ཁྱིམ་ཐོག་ཚད་༣ འབད་མི་ཅིག་ བཟོ་སྐྲུན་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ དྲུང་ཁག་བདག་སྐྱོང་གིས་ བཀག་ཆ་འབད་དེ་ ཟླཝ་༤ དེ་ཅིག་ ལང་ཡོདཔ་ཨིན་པས།


དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་ཚབ་དེ་གི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ སའི་ཇོ་བདག་དེ་ལུ་ ལག་ཁྲམ་མ་སྤྲོདཔ་ལས་ར་ སྒྲིང་ཁྱིམ་རྐྱབ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ད་རེས་ བཀག་ཆ་འབད་བཞག་མི་ སྒྲིང་ཁྱིམ་བཟོ་སྐྲུན་དེ་ བསྟན་སྲུང་དམག་སྡེའི་ འགོ་དཔོན་ཅིག་གི་ཨིནམ་ད་ བཟོ་སྐྲུན་གྱི་ ལཱ་དེ་ཡང་ ན་ཧིང་ལས་ར་ འགོ་བཙུགས་ནུག་ཟེར་་ཨིན་པས།
དེ་ཡང་ བུར་ལུ་ དམག་སྡེའི་འགོ་དཔོན་ལུ་ ས་ཆ་ཨེ་ཀར་༥ ཡོད་མི་དེ་ དགེ་ལེགས་ཕུག་གནམ་ཐང་བཟོ་སྐྲུན་ནང་ ཚུད་པའི་ཤུལ་ལུ་ དགེ་ལེགས་ཕུག་རྒེད་འོག་ལས་ ས་ཆ་ཨེ་ཀར་༥ ས་ཚབ་སྦེ་ སྤྲོད་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་བ་ཅིན་ ས་ཚབ་ཚུ་ དང་པ་ར་ གཡུས་གཅིག་གི་ནང་ལས་ར་ སྤྲོད་དགོཔ་སྦེ་ཡོད་རུང་ ས་ཚབ་སྤྲོད་པའི་སྐབས་ སའི་བཅའ་ཁྲིམས་དེ་ ལག་ལེན་མ་འཐབ་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ དམག་མི་འགུབ་བདག་དེ་གི་ ས་ཆ་དེ་ བུར་རྒེད་འོག་ལས་ གཞུང་བཞེས་འབད་ཡོདཔ་ཨིན་རུང་ ས་ཚབ་དེ་ དགེ་ལེགས་ཕུག་རྒེད་འོག་ནང་ལས་ སྤྲོད་མི་དེ་ སའི་བཅའ་ཁྲིམས་ལས་ འགལ་སོ་ནུག་ཟེར་ཨིན་པས།
ད་རུང་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཁྱད་ཆོས་དང་ བྱ་སྒོའི་ལམ་ལུགས་ཚུ་ མ་ཚང་རུང་ དགེ་ལེགས་ཕུག་རྒཔོ་གིས་ བཟོ་སྐྲུན་གྱི་ གནང་བ་སྤྲོད་ནུག་ཟེར་ མི་ཚུ་གིས་ ཁ་ཉེས་ཡང་ བཀལཝ་ཨིན་པས།
མ་གཞི་ བཟོ་སྐྲུན་གྱི་དོན་ལུ་ གནང་བ་ལེན་པའི་སྐབས་ ལག་ཁྲམ་གྱི་ འདྲ་པར་ཅིག་ཡང་ དགོཔ་ཨིན་རུང་ དམག་མི་བགྲེསཔ་ཅིག་ཨིན་མི་ རྒཔོ་དེ་གིས་ བསྟན་སྲུང་དམག་སྡེའི་ འགོ་དཔོན་དེ་ ངོ་ཤེས་ནི་དེ་གིས་ བཟོ་སྐྲུན་གྱི་ གནང་བ་སྤྲོད་ནུག་ཟེར་ དགེ་ལེགས་ཕུག་ལས་ སྐྱེས་ལོ་༣༨ ལང་མི་ཅིག་གིས་ སླབ་ཨིན་པས།
དགེ་ལེགས་ཕུག་གི་དྲུང་པ་ པདྨ་དབང་འདུས་ཀྱིས་འབད་བ་ཅིན་ སྒྲིང་ཁྱིམ་དེ་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་གནས་ འཛོམས་གླིང་ཐང་ལུ་ རྐྱབ་ནི་སྦེ་ གནང་བ་སྤྲོད་ཡོདཔ་ཨིན་རུང་ དམག་སྡེའི་འགོ་དཔོན་དེ་གིས་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༤ གི་ས་ཁར་ཡོད་མི་ ལས་སྐྱིད་ཐང་ལུ་ རྐྱབ་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ རྒཔོ་བཀྲིས་ཀྱིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་ གནང་བ་དེ་ཡང་ དམག་སྡེའི་འགོ་དཔོན་དེ་གིས་ ཁོ་གི་ ས་ཚབ་ནང་ ག་ཅི་ར་འབད་རུང་ འབད་ཆོགཔ་སྦེ་ རྫོང་ཁག་གིས་ སླབ་སྟེ་ཡོད་ཟེར་ སླབ་མི་དང་འཁྲིལ་ ཁོ་གིས་ གནང་བ་སྤྲོད་ཡོདཔ་ལས་ སའི་བཅའ་ཁྲིམས་ནང་ དེ་བཟུམ་མའི་ དོན་ཚན་ཚུ་ བཀོད་དེ་ཡོད་པའི་སྐོར་ མ་ཤེས་ཟེར་ཨིན་པས།
རྒཔོ་བཀྲིས་ཀྱིས་འབད་བ་ཅིན་ བཟོ་སྐྲུན་གྱི་ གནང་བ་སྤྲོད་པའི་སྐབས་ ཡིག་ཆ་ཚུ་ རྫོང་ཁག་ལུ་ བཙུགས་པའི་ཤུལ་ལུ་ ཉོགས་བཤད་ག་ནི་ཡང་ མ་བཀོདཔ་ལས་ ཁྱད་མེདཔ་འདྲས་མནོ་སྟེ་ གནང་བ་སྤྲོད་མི་དེ་ཡང་ དམག་སྡེའི་འགུབ་བདག་དེ་གིས་ ཁོ་ར་ མགྱོགས་པ་ར་ དགོངས་ཞུ་འབད་ནི་ རན་ཡོདཔ་མ་ཚད་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནད་དོན་ཚུ་ལུ་བརྟེན་ དགེ་ལེགས་ཕུག་ལུ་ར་ སྡོད་དགོཔ་ལས་ ཁྱིམ་དེ་ འཕྲལ་ར་རྐྱབ་དགོ་པས་ཟེར་ སླབ་མི་ལུ་བརྟེན་ཨིན་་ཟེར་ཨིན་པས།
དེ་འབདཝ་ད་ དགེ་ལེགས་ཕུག་ལུ་སྡོད་མི་ མང་ཤོས་ཅིག་གིས་ དེ་བཟུམ་མའི་ལཱ་དེ་ བསྟན་སྲུང་འགོ་དཔོན་དང་ རྒཔོ་༢ རྐྱངམ་གཅིག་གི འཛོལ་བ་མེན་པར་ ས་ཚབ་སྤྲོད་པའི་སྐབས་ལས་ར་ ས་ཆའི་བཅའ་ཁྲིམས་དང་ མ་འཁྲིལ་ནི་དེ་གིས་ རྒཔོ་དང་ རྫོང་ཁག་ས་ཆ་ཚོགས་ཆུང་གི་ འཛོལ་བ་ཡང་ཨིནམ་སྦེ་ མཐོངམ་མས་ཟེར་ སླབ་ཨིནཔས།
རྫོང་ཁག་ས་ཆ་ཚོགས་ཆུང་གི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ གནམ་ཐང་བཟོ་སྐྲུན་གྱི་དོན་ལུ་ ས་ཆ་གཞུང་བཞེས་འབད་མི་ སའི་ཇོ་བདག་༡༣ ལུ་ ས་ཚབ་ཚུ་ སའི་གནས་གོང་འདྲན་འདྲ་འབད་མི་ཚུ་ལས་ར་ སྤྲོད་དགོཔ་སྦེ་ བཀོད་དེ་ཡོད་མི་ དངུལ་རྩིས་ལྷན་ཁག་གི་ ལམ་སྟོན་དང་ ཁྲིམས་ཡིག་གཞན་ཚུ་དང་འཁྲིལ་ཏེ་ར་ སྤྲོད་ཅི་ཟེར་ཨིན་པས།
བུར་རྒེད་འོག་ནང་ ས་ཆ་དེ་ཚུ་གི་ གནས་གོང་དང་མཉམ་པའི་ ས་ཆ་མེདཔ་མ་ཚད་ སའི་ཇོ་བདག་ཚུ་ལུ་ ས་ཚབ་ཚུ་ ཁྲོམ་ཁ་ལས་ ཐག་རིང་གི་ ས་གནས་ལས་ སྤྲོད་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
དྲུང་པ་པདྨ་དབང་འདུས་ཀྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་ དྲུང་ཁག་གིས་ ས་ཚབ་ཚུ་ བུར་ལུ་ར་ ངོས་འཛིན་འབད་དེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment