གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེད་གཡོགཔ་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༢༥/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༢༣ གྱི་ཕྱི་རུ་ ཀྲོང་གསར་ལས་ སྦྱིས་ཟམ་ཁ་ཐུག་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ སྣུམ་འཁོར་བེན་ཅིག་ རྦོལ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༢ ལང་མི་ དེད་གཡོགཔ་དེ་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ཁ་ཙ་དྲོ་པ་ཁམས་ཅིག་ཁར་ ཐུག་རྐྱེན་ནང་ རྨ་སྐྱོན་བྱུང་མི་ཕོ་སྐྱེས་ སྐྱེས་ལོ་༢༥ ལང་མི་གིས་ ལམ་ཁར་ཚུན་འོང་སྟེ་ སྣུམ་འཁོར་བཀག་པའི་ཤུལ་ལས་ ཤེས་རྟོགས་བྱུང་ཡོད་རུང་ རྒྱ་གར་གྱི་ མི་ཁུངས་ཅིག་ ཁ་ཙ་ ཐིམ་ཕུ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཀྲོང་གསར་སྨན་ཁང་གི་ ཌོག་ཊར་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་མི་དེ་ལུ་ རྨ་སྐྱོན་སྦོམ་བྱུང་ཡོདཔ་མ་ཚད་ གནས་སྟངས་ཚབས་ཆེན་སྦེ་ཡོདཔ་ལས་ དྲག་ནི་ལུ་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།
བྱུང་རྐྱེན་དེ་ཡང་ ནུབ་མོའི་ཆུ་ཚོད་༨ དེ་ཅིག་ཁར་ སྦྱིས་ཟམ་ཁ་ཐུག་ལུ་ བཤལ་འགྱོ་བའི་སྐབས་ བྱུང་ཡོདཔ་ད་ ཚེ་འདས་ལུ་ དེད་གཡོགཔ་གི་ ཆོག་ཐམ་མེད་པའི་ཁར་ རྒྱ་གར་གྱི་མི་དེ་ ཁོ་གི་ཨ་པའི་ ཁག་འབག་ནང་ ལཱ་འབད་མི་ཅིག་ཨིན་པས།
གནས་སྟངས་ལེགས་ཤོམ་ནང་ཡོད་མི་ འགྲུལ་པ་གཞན་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ ཁོ་ར་ ཁ་ཙ་དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་ དྲན་པ་འོང་སྟེ་ འཁོར་ལམ་ཁར་ འོང་ཚུགས་ཅི་ཟེར་ཨིནམ་ད་ རྒྱ་གར་གྱི་མི་དེ་ ཁ་ཙ་ཉིན་མར་ ཁྲིམས་སྲུང་འགག་པ་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཚོལ་ཐོབ་སྟེ་ སྨན་ཁང་ནང་ བསྐྱལ་ཡོད་པའི་གནས་ཚུལ།


བཀྲ་ཤིས་བསྟན་འཛིན།

No comments:

Post a Comment