གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངང་ལམ་མི་སེར་ཚུ་གི་ ས་ཆ་གཞུང་བཞེས་བཏང་མི་ལུ་ཞིབ་དཔྱད།

༡༧/༩/༢༠༡༢   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་གི་ཆེ་རིམ་ཅན་དག་པ་ཅིག་ འབྲེལ་གཏོགས་ཡོད་མི་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་ཚུལ་ལྡན་མེད་མི་ལུ་ ཞིབ་དཔྱད་རྐྱབ་མི་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་དྲུང་ཁག་གི་ ས་ཆའི་རྩོད་རྙོགས་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཨིན་པས།


དེ་ཡང་ ལོ་ངོ་༣ དེ་ཅིག་གི་ཧེ་མར་ ངང་ལམ་ནོར་བུ་སྒང་རྒེད་འོག་གི་ གཡུས་ཚན་༥ གི་ ཁྱིམ་གུང་༥༡ གི་ སྒེར་དབང་ས་ཆ་ཚུ་  ཁྲོམ་གསརཔ་དང་ མ་ནཱསི་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་དོན་ལུ་ གཞུང་བཞེས་བཏང་པའི་ཤུལ་ལས་ ས་ཚབ་ཨེ་ཀར་༧༤.༤༣ མ་ཐོབ་མི་དང་ གཞུང་ས་ཚུ་ ཧ་ལས་སི་སི་སྦེ་ སྒེར་དབང་ས་ཆ་ལུ་ བསྒྱུར་བཅོས་སོང་ཡོདཔ་མ་ཚད་ ཧེ་མར་ རིན་ཆེན་གླིང་ཁྲོམ་ནང་ ས་ཆ་ཌིསི་དག་པ་ཅིག་མེད་མི་ཚུ་ ཨེ་ཀར་སྦེ་ ཡར་སེང་སོང་མི་ཚུ་ལུ་ ཞིབ་དཔྱད་རྐྱབ་དོ་ཡོདཔ་ཨིན་པས།
ས་ཚབ་མ་ཐོབ་མི་ མི་སེར་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དོན་ཚན་༩ བཀོད་དེ་ ཉོགས་མེད་ཡི་གུ་བཙུགས་མི་དེ་ནང་ ནོར་བུ་སྒང་གི་ མི་སེར་གུང་པ་༥༡ གི་ས་ཆ་ཨེ་ཀར་༧༤ལྷགཔ་ཅིག་ སྤྱི་ལོ་༢༠༠༥ ལུ་ མ་ནཱསི་རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་ཡོདཔ་ ངེས་བདེན་ཨིན་རུང་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ ས་འཇལ་འགོ་དཔོན་དག་པ་ཅིག་གིས་ ཚུལ་མིན་གཡོ་རྒྱུ་ལག་ལེན་འཐབ་སྟེ་ ད་ལྟོའི་བར་ན་ཡང་ མ་ཐོབ་པར་ཡོད་མི་དེ་ རྒྱུ་རྐྱེན་ག་ཅིག་ཨིན་ན་ ཞིབ་དཔྱད་མཛད་གནང་ཟེར་བཀོད་ནུག།
ད་རུང་ མི་ཚུ་གིས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ས་འཇལ་འག་དཔོན་ཅིག་དང་ ཁ་འཐབ་སྟེ་ གཞུང་ས་ཨིན་མི་ པོ་ཏ་ན་ལའི་ ནགས་ཚལ་ཨེ་ཀར་༡༠༠ དེ་ཅིག་ ས་འཇལ་པ་གིས་ འཇལ་ཞིནམ་ལས་ ས་ཆ་ལྷན་ཚོགས་ཡིག་ཚང་ནང་ ས་རིན་དངུལ་ཀྲམ་༥༠༠,༠༠༠ ལྷགཔ་ཅིག་སྤྲོད་དེ་ ཁོ་རའི་གནས་ཚང་དང་ སྤུན་ཆ་༤ གི་ མིང་ཐོ་ལུ་ ས་ཆ་ཨེ་ཀར་༢༠ རེ་ ཁྲམ་གསརཔ་རྐྱབ་སྟེ་ཡོད་ཟེར་བཀོད་ནུག།
ས་འཇལ་པའི་ ནང་མི་༥ གི་མིང་ཐོ་ཁར་ ཁྲམ་རྐྱབ་མི་ ས་ཆ་དེ་ གཞུང་ས་ངེས་བདེན་ཨིནམ་ལས་ ཧེ་མ་ལས་ བཟའ་སྤྱོད་འབད་བའི་ ས་ཆ་ལས་ ཐེབས་ཐོན་ཐོནམ་རྩ་ལས་མེན་རུང་ ཤུལ་ལས་ རྒཔོ་དང་ བདག་སྐྱོང་ ཚོགས་པ་ཚུ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ ཁོང་རྩ་བོ་༥ གིས་ བཟའ་སྤྱོད་འབད་དེ་ཡོད་པའི་ ས་ཐེབས་ཨིནམ་སྦེ་ བཀོད་དེ་ཡོད་ཟེར་ ན་ཧིང་གི་ལོ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བཙུགས་མི་ ཉོགས་བཤད་ཞུ་ཡིག་ནང་བཀོད་ནུག།
དེ་མ་ཚད་ མོང་སྒར་རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ཁར་ཚུད་མི་ སྒེར་དབང་ས་ཚབ་སྤྲོད་ལེན་ནང་ རྒཔོ་བགྲེསཔ་དང་ དྷི་ཟ་མའི་ སྤྱི་མི་བགྲེསཔ་༢ ཁ་འཐབ་སྟེ་ ས་ཚབ་ཚུལ་མཐུན་སྦེ་ བྱིན་མ་བཏུབ་ཟེར་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ མི་སེར་གུང་པ་༥༡ གི་ས་ཆ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་པའི་ ས་ཚབ་ཚུ་ཡང་ རིན་ཆེན་ཐང་ཁྲོམ་ས་ལས་ ཐོབ་ནི་ཡོདཔ་ཅིག་དང་ སྤྱི་ལོ་༢༠༠༥ ཚུར་བཅད་ཀྱི་ ས་ཁྲ་ཚུ་ ཞིབ་དཔྱད་མཛད་དེ་ ཚུལ་མིན་ཐོན་ལས་འཇལ་ཏེ་ཡོད་མི་ ས་ཆའི་རིགས་ག་ར་ ཁྲམ་ལས་བཏོན་གནང་སྟེ་ ལཱ་ངན་འབད་མི་ཚུ་ལུ་ ཁྲིམས་དང་འཁྲིལ་ ཉེས་བྱ་དང་ ཉེས་ཁྲིམས་བཀལ་ནི་ཡོདཔ་ཅིག་ མཛད་གནང་ཟེར་ ཞུ་ཡིག་ནང་བཀོད་ནུག།
ད་རུང་ ནོར་བུ་སྒང་གི་ རྒཔོ་བགྲེསཔ་དང་ འཆམ་མཐུན་གྱི་ མི་ལེ་ཤ་ཅིག་གི་ས་ཆ་ མཐའ་ཟུར་ལུ་ཡོད་མི་ཚུ་ གཞུང་བཞེས་གྲངས་སུ་ མ་ཚུད་རུང་ ས་ཆ་སྤོ་སོར་འབད་དེ་ རིན་ཆེན་ཐང་ཁྲོམ་གྱི་ མཐའ་འཁོར་ལས་འཇལ་ཏེ་ བྱིན་ཡོདཔ་ལས་ ང་བཅས་གུང་པ་༥༡ གི་ས་ཆ་ གཞུང་ལུ་ཚུདཔ་ ཤེས་ཅིག་མཐོང་ཅི་ར་ ས་ཚབ་སྤྲོད་མ་བཏུབ་པར་ བཀག་ཆ་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ཞིབ་དཔྱད་མཐིལ་ཕྱིན་ཅིག་ མཛད་གནང་ཟེར་ ཉོགས་བཤད་ཡི་གུའི་ནང་བཀོད་ནུག།
ནོར་བུ་སྒང་གི་ རྒཔོ་བགྲེསཔ་གིས་འབད་བ་ཅིན་ ཁོ་གིས་ ངན་ལྷད་དང་འབྲེལ་བའི་ ལཱ་བྱ་འཐབ་འཐབ་མེད་པའི་ཁར་ ཁོ་གི་ས་ཆ་ཨེ་ཀར་ཕྱེད་དང་༢ དེ་ཅིག་ཡང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ཚུད་ཡོད་རུང་ ས་ཚབ་མ་ཐོབ་པར་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ངང་ལམ་དྲུང་ཁག་ནང་ ས་ཆ་བསྐྱར་འཇལ་གྱི་ ལཱ་མཇུག་བསྡུཝ་ད་ ད་ལྟོ་ ཁྲོམ་ས་སྦེ་ ངོས་འཛིན་འབད་དེ་ཡོད་མི་ རིན་ཆེན་ཐང་གི་ ས་ཁོངས་ནང་ སའི་ཇོ་བདག་སོ་སོ་གིས་ བདག་དབང་འབད་དེ་ཡོད་མི་ ས་ཆ་ཌིསི་དག་པ་ཅིག་ལས་ ཨེ་ཀར་ལེ་ཤ་ཅིག་ལུ་ ཡར་འཕར་སོང་ཡོད་པའི་ ངོས་འཛིན་ བྱུང་ཡོདཔ་ཨིན་པས།
ངང་ལམ་དྲུང་པ་ ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཆ་ཌིསི་༥༠ ལས་བརྒལ་མེད་རུང་ ས་ཆ་བསྐྱར་འཇལ་སྐབས་ ཨེ་ཀར་༡.༥ ལུ་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་བཟུམ་མའི་ ཁྱད་པར་དེ་ མང་ཤོས་ར་ ནོར་བུ་སྒང་རྒེད་འོག་ནང་ ཐོན་ཏེ་ཡོད་ཟེར་ དྲུང་པ་གིས་ སླབ་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྡེ་ཚན་དེ་ ཟླཝ་༢ ཀྱི་ཧེ་མར་ ངང་ལམ་ལུ་ ཞིབ་དཔྱད་རྐྱབ་པར་ ལྷོད་ཅི་ཟེར་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་ཅི་ སྤྱི་ཟླ་༧ པའི་སྔ་ཆ་ལུ་ ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment