གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་རྒྱལ་ལས་ ཚོང་འབྲེལ་སྐྱིན་འགྲུལ་ ལེན་ཆོག་པའི་གནང་བ་སྤྲོད་དགོཔ།

༡༩/༩/༢༠༡༢   ༉ སྒེར་སྡེ་ཚུ་གིས་ དངུལ་འབྲེལ་ལས་སྡེའི་ གནས་སྡུད་ཚུ་དང་འཁྲིལ་ ཁོང་གི་དོན་ལུ་ ཏི་རུ་ཚུ་ ག་དེམ་ཅིག་ དགོཔ་ཡོདཔ་ཨིན་ནའི་ ཚོད་རྩིས་བཏོན་ཐོག་ལས་ གཞུང་ལུ་ གྲོས་འཆར་བཙུགས་ནི་དང་གཅིག་ཁར་ དངུལ་ཁང་ཚུ་གིས་ ཕྱི་རྒྱལ་ལས་ ཚོང་འབྲེལ་སྐྱིན་འགྲུལ་ ལེན་དགོ་པའི་སྐོར་ལས་ཡང་ ཞུ་བ་འབད་ནི་ཨིན་པས།
དངུལ་འབྲེལ་ལས་སྡེ་དང་ སྒེར་སྡེ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་བསྒང་།


དེ་གི་སྐོར་ལས་ ཁ་ཉིནམ་ ཐིམ་ཕུ་ལུ་ དངུལ་འབྲེལ་ལས་སྡེ་དང་ སྒེར་སྡེ་ཚུ་གི་བར་ན་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ གྲོས་བསྡུར་ཚུ་འབད་ཡོདཔ་ད་ གྲོས་འཆར་དེ་ཡང་ ཤུལ་མའི་ ཟླ་ཕྱེད་འཚམས་ཅིག་ཁར་ བཙུགས་ནི་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ སྟོབས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་བརྟེན་ ཚོང་འབྲེལ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ད་ ད་ལྟོ་ཡོད་པའི་ ཧང་སྟོང་མའི་ ཐབས་ལམ་ཚུ་གིས་ ཕན་མི་ཐོགས་ནི་དང་ ཁྲིམས་བཟོ་མི་ཚུ་གིས་ ཐབས་ལམ་ཚུ་ བཏོན་དགོཔ་ཡོད་ཟེར་ སླབ་ཨིན་པས།
སྟོབས་རྒྱས་རྡོ་རྗེ་གིས་ ཞལ་འཛོམས་ཀྱི་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ ཏི་རུ་མ་ལང་པའི་ དཀའ་ངལ་དེ་གིས་ དངུལ་འབྲེལ་ལས་སྡེ་དང་ ཚོང་པ་༢ ཆ་ར་ལུ་ གནོད་སྐྱོན་བྱུང་དོ་ཡོདཔ་ལས་ མཉམ་འབྲེལ་གྱི་ ཐབས་ལམ་བཏོན་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་པའི་ ཚོང་འབྲེལ་གྱི་ལཱ་ཚུ་ཡང་ ཐོགས་ལུས་ཡོདཔ་མ་ཚད་ ཚོང་འབྲེལ་ཚུ་ནང་ གོང་འཕེལ་ག་ཅི་ཡང་ འགྱོ་མ་ཚུགས་པར་ ཐོགས་ལུས་ཏེ་ཡོད་ཟེར་ཨིན་པས།
འབྲུག་གི་བཟོ་གྲྭ་ཚོགས་སྡེའི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་ཀྱིས་ སླབ་མིའི་ནང་ དངུལ་འབྲེལ་ལས་སྡེ་ཚུ་ལུ་ ཕྱི་རྒྱལ་ལས་ ཚོང་འབྲེལ་སྐྱིན་འགྲུལ་ཚུ་ ལེན་ཆོག་པའི་གནང་བ་སྤྲོད་དགོཔ་ད་ དེ་མེན་ སྒེར་སྡེ་ཚུ་གིས་ འཐོབ་ཐབས་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༡༢ པ་དེ་ཅིག་ནང་ སྒེར་སྡེ་ཚུ་གིས་ ཧེ་མ་ དངུལ་འབྲེལ་ལས་སྡེ་ཚུ་ལས་ལེན་པའི་ སྐྱིན་འགྲུལ་ཚུ་ཡང་ ལོག་སྤྲོད་མི་ཚུགས་ནི་དང་ ཁག་འབགཔ་ཚུ་གི་ ད་ལྟོ་ རྙིངམ་ཐལ་དོ་ཡོད་མི་ འཕྲུལ་ཆས་ཚུ་ཡང་ ཚབ་ཉོ་མི་ཚུགས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་ལཱ་ཚུ་ མར་བབས་སོང་མི་དང་འཁྲིལ་ སྐྱིན་འགྲུལ་ཚུ་ ལོག་བཏབ་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མི་ལུ་བརྟེན་ སྐྱིན་འགྲུལ་གྱི་སྐྱེད་ཚུ་ཡང་ མར་ཕབ་འབད་དགོཔ་སྦེ་ ཁག་འབགཔ་ཚུ་གིས་ སླབ་མས་ཟེར་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ ཀརྨ་ཡོན་ཏན་གྱིས་ ད་རེས་ཀྱི་གནས་སྟངས་ནང་ དཔལ་འབྱོར་ལུ་ དཀའ་ངལ་སྦོམ་བྱུང་ཡོདཔ་ལས་ དངུལ་འབྲེལ་ལས་སྡེ་ཚུ་གིས་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ཚུ་ ལེན་དགོཔ་ཡོད་མི་དེ་ཡང་ ད་རེས་ནངས་པ་ ལས་འགུལ་ལེ་ཤ་ཅིག་ནང་ ཏི་རུ་ཚུ་ དགོཔ་ཡོདཔ་ལས་ དངུལ་ཁང་ཚུ་ལུ་ཡང་ གཞན་མི་ཐབས་ལམ་ སྤྲོད་དགོཔ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་སྦེ་འབད་དགོ་མི་དེ་ཡང་ ཚོང་འབྲེལ་བ་ཚུ་དང་ དངུལ་འབྲེལ་ལས་སྡེ་ཚུ་ གཅིག་ཁར་སྦེ་ ལཱ་འབད་དགོཔ་ལས་ གལ་སྲིད་ ཚོང་འབྲེལ་བ་ཚུ་གིས་ ལེགས་ཤོམ་སྦེ་ འབད་མ་ཚུགས་པ་ཅིན་ དངུལ་ཁང་ཚུ་གིས་ཡང་ ལེགས་ཤོམ་འབད་ཚུགས་པའི་ གོ་སྐབས་མེད་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ སྐྱིབ་ཅུ་ཚེ་རིང་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ཚུ་ དགོཔ་ཡོདཔ་བཞིན་དུ་ རྒྱལ་སྤྱི་དངུལ་འབྲེལ་ལས་སྡེ་གིས་ འབྲུག་གི་དངུལ་ཁང་ལུ་ སྐྱིན་འགྲུ་བྱིན་ནི་སྦེ་ སླབ་ཡོདཔ་ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དེ་ལུ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
འབྲུག་པཱན་ཇབ་དངུལ་ཁང་གི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ ཨེན་ཀེ་ ཨ་རོ་ར་གིས་འབད་བ་ཅིན་ གཞུང་གིས་ དངུལ་འབྲེལ་གྱི་ཐབས་ལམ་ཚུ་ ལེགས་ཤོམ་སྦེ་མ་བཏོན་པ་ཅིན་ མ་འོངས་ལོ་ཚུ་ནང་ཡང་ གནས་སྟངས་དེ་ དེ་སྦེ་ར་ གནས་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ ཏི་རུ་མ་ལང་པའི་དཀའ་ངལ་དེ་ ཐོན་ཚར་ཡོདཔ་ལས་ དངུལ་ཁང་ཚུ་གིས་ ཕྱི་རྒྱལ་ཚོང་འབྲེལ་སྐྱིན་འགྲུལ་ཚུ་ ལེན་དགོ་ཟེར་ཨིནམ་ད་ ཐབས་ལམ་གཞན་མི་དེ་ དངུལ་ཁང་ཚུ་ནང་གི་ དངུལ་གསོག་འཇོག་ཚུ་ལུ་ ཁྲལ་མ་ཕོག་པའི་ ཐབས་ལམ་ཚུ་ བཏོན་དགོ་ཟེར་ཨིན་པས།
དེ་ལས་ གདུང་བསམ་བཟུམ་མའི་ ལས་འགུལ་སྦོམ་ཚུ་གི་དོན་ལུ་ ཕྱི་རྒྱལ་ཚོང་འབྲེལ་སྐྱིན་འགྲུལ་གྱི་ཐོག་ལས་ སྐྱིན་འགྲུལ་སྤྲོད་དགོཔ་ད་ སྐྱིན་འགྲུལ་གྱི་ ཚད་གཞི་བཟོ་དགོཔ་དེ་ཡང་ ཁག་ཆེ་ཟེར་ ཨ་རོ་ར་གིས་ སླབ་ཅི།
ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ཅིག་གིས་འབད་བ་ཅིན་ ད་རེས་ཀྱི་ ཏི་རུ་མ་ལང་པའི་དཀའ་ངལ་དེ་ ལས་འཛིན་གྱི་ ལས་འགུལ་སྦོམ་ཚུ་གི་དོན་ལུ་ སྐྱིན་འགྲུལ་རྒྱ་ཆེ་དྲགས་སྦེ་ སྤྲོད་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་ད་ སྒེར་སྡེ་ཚུ་གིས་ དངུལ་ཁང་ཚུ་ནང་ དངུལ་གསོག་འཇོག་འབད་དེ་ཡོདཔ་ཨིན་རུང་ དེ་ཚུ་ ད་རེས་ ཁོང་རའི་དོན་ལུ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
གནས་སྟངས་དེ་གི་ཐོག་ལུ་ ཧ་ལམ་ ལོ་ཡང་ལང་དོ་ཡོདཔ་ཨིན་རུང་ ཐབས་ཤེས་ཅིག་ ག་ཅི་ཡང་ བཏོན་ནི་མིན་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་གིས་ ཞིབ་འཚོལ་ཅིག་འབད་མིའི་ནང་ དངུལ་འབྲེལ་ལས་སྡེ་ཚུ་གིས་ འབྲུག་རྒྱུ་ནོར་གཞི་བཟུང་གིས་གཙོས་པའི་ དར་དཀར་ཆུ་དང་ གདུང་བསམ་ལས་འགུལ་ཚུ་གི་དོན་ལུ་ སྐྱིན་འགྲུལ་རྒྱ་ཆེ་དྲགས་སྦེ་ སྤྲོད་ཡོདཔ་སྦེ་མཐོང་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment