གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་དཀྲུམ་འཕྲུལ་ཚུ་ ལཱ་མེད་པར་ ཐོགས་ལུས་ཡོདཔ།

༢༨/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༩ ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ པ་ལུ་ བཀྲམ་སྤེལ་འབད་མི་ དབང་འདུས་ཕོ་བྲང་ རྒྱུ་གོངམ་ལོགས་ཀྱི་ རྡོ་བཏོན་ས་ཁོངས་དེ་ གནས་སྐབས་ཅིག་གི་དོན་ལུ་ བཀག་འཛིན་འབད་བའི་ཤུལ་ལུ་ གློག་མེ་ལས་འགུལ་དེ་གཉིས་ནང་ ལཱ་འབད་མི་ རྒྱ་གར་ལས་སྡེའི་ འཕྲུལ་ཆས་ཚུ་ ལཱ་མེད་པར་ ལུས་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལཱ་མེད་པར་ལུས་མི་ རྡོ་དཀྲུམ་འཕྲུལ་ཆས།


དེ་ཡང་ ས་འོག་ལས་ ཆུ་བྱག་རྐྱབ་ནི་དང་ ཆུ་ལམ་བཏོན་ནི་ གློག་མེའི་འཕྲུལ་ཨམ་བཟོ་སྐྲུན་འབད་ནིའི་དོན་ལུ་ རྡོ་རུ་ངེས་པར་དུ་ དགོཔ་བཞིན་དུ་ ལས་འགུལ་འགོ་རིམ་དང་པ་དང་༢ པ་གཉིས་ཀྱི་ ས་འོག་ལས་ ཆུ་ལམ་བཏོན་ནི་གི་ ལཱ་འབད་མི་ གེ་མཱོན་ལས་སྡེ་གིས་ རྡོ་བཏོན་བཀག་འཛིན་འབད་བའི་ ཉིནམ་ནངས་པ་ལས་ ཁོང་གི་ མཛོད་ཁང་གི་ རྡོ་རུ་ལག་ལེན་འཐབ་མི་ཚུ་ཡང་ རྫོགས་སོཔ་ལས་ རྡོ་དཀྲུམ་འཕྲུལ་ཚུ་ ལག་ལེན་མེད་པར་ བདུན་ཕྲག་༢ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
རྡོ་རུ་ཚུ་ ཆུ་བྱག་ནང་ན་ རྩི་ས་དང་སླ་བསྲེས་རྐྱབ་སྟེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཉིནམ་རེ་ལུ་ རྡོ་རུ་མེ་ཊིག་ཊཱན་༡,༠༠༠ དང་༡,༥༠༠ གི་བར་ན་ དགོ་དོ་ཡོདཔ་ཨིན་རུང་ རྡོ་བཏོན་ས་མེད་ནི་དེ་གིས་ རྡོ་རུ་དཀྲུམ་འཕྲུལ་ཆས་༢ ལཱ་མེད་པར་ ལུས་ཡོད་པའི་ཁར་ དེ་ནང་ལཱ་འབད་མི་ ལས་མི་༡༥ དེ་ཅིག་ཡང་ ལཱ་མེདཔ་ལས་ གཞན་ཁར་ལཱ་འབད་བཅུག་དོ་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ལས་སྡེའི་ལས་འགུལ་འཛིན་སྐྱོང་པ་ བི་ཀ་རམ་ཇིཌ་གིས་ སླབ་མིའི་ནང་ རྡོ་མེད་པའི་སྐབས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ རྒྱུ་གོངམ་ལུ་ རྡོ་ཕྱིར་བཏོན་འབད་ནི་ མཚམས་འཇོག་འབད་ཞིནམ་ལས་ཚུར་ རྡོ་བཏོན་ས་ཁོངས་གཞན་ཁ་ལས་འཚོལ་རུང་ གློག་མེ་འཕྲུལ་ཁང་ནང་ ལག་ལེན་འཐབ་བཏུབ་པའི་ རྡོ་སྤུས་ཚད་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ ཆུ་བྱག་དང་ གློག་མེ་འཕྲུལ་ཨམ་བཟོ་སྐྲུན་འབད་མི་ ཇེ་པི་ལས་སྡེ་གིས་ཡང་ ད་ལྟོ་ ལས་སྡེའི་མཛོད་ཁང་ནང་ཡོད་མི་ རྡོ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ ལས་སྡེའི་གཙོ་འཛིན་འོགམ་ ཀེ་ཀེ་གིས་ སླབ་མིའི་ནང་ ཁོང་གི་དོན་ལུ་ ཉིནམ་རེ་ལུ་ རྡོ་ཊཱག་དོས་༢༢ དགོཔ་ལས་ གསོག་འཇོག་འབད་མི་དེ་ བདུན་ཕྲག་༡ དེ་ཅིག་ནང་ རྫོགས་ནི་ཨིནམ་བཞིན་དུ་ དམ་ཅན་རྡོ་དཀྲུམ་ཁང་ལས་ ལེན་ནི་གི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
ལས་སྡེའི་འགོ་དཔོན་ཅིག་གིས་འབད་བ་ཅིན་ གལ་སྲིད་ ལས་འགུལ་གྱི་ལཱ་དེ་ ཕྱིས་སོང་པ་ཅིན་ ཉིནམ་རེ་ལུ་ གྱོང་རྒུད་དངུལ་ཀྲམ་ས་ཡ་༡༥ དེ་རེ་ ཕོག་ནི་ཨིནམ་ལས་ ད་ལྟོ་ལས་ ཐབས་ཤེས་བཏོན་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྡོ་བཏོན་ནིའི་ལཱ་ བཀག་འཛིན་འབད་མི་དེ་ཡང་ རྡོ་ཚུ་ ས་གཏེར་ལས་ཁུངས་ཀྱིས་ ས་མཚམས་བཅད་མི་ལས་བརྒལ་ བཏོན་ཡོདཔ་པའི་ཁར་ རྡོ་བཏོན་སའི་རྩ་བར་ ཁྱིམ་ཐོག་༢ འབད་མི་ཅིག་ཡང་ རྐྱབ་ཡོདཔ་མ་ཚད་ ས་ཁོངས་ནང་ གཏེར་ཁའི་བརྡ་བྱང་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ཡང་ ས་ཁོངས་དེ་ནང་ ཞིབ་དཔྱད་འབད་བའི་སྐབས་ ས་གཏེར་དང་ གཏེར་ཁའི་བཅའ་ཡིག་ལས་འགལ་བའི་ ལཱ་འབད་སར་མཐོང་སྟེ་ མཚམས་འཇོག་འབད་དགོཔ་སྦེ་ སླབ་ཡོད་རུང་ འཕྲོ་མཐུད་དེ་ར་ ལཱ་འབད་ནུག་ཟེར་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment