གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་གཞོང་དགོན་པའི་ གཅན་གཟན་སྟག་གིས་ ད་རུང་ གླང་༡ ལུ་ གནོདཔ་བཀལ་ཡོདཔ།

༢༥/༩/༢༠༡༢   ནགས་ཚལ་འགོ་དཔོན་གྱི་ སྡེ་ཚན་སོ་སོ་ཅིག་གིས་ སྟག་བཟུང་ནིའི་དོན་ལུ་ ཧིང་བཀལ་བཞག་ནུག།

༉ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ གཅན་གཟན་སྟག་དེ་ ད་ལྟོའི་བར་ན་ཡང་ བཟུང་མ་ཚུགས་པར་ཡོདཔ་ལས་ ད་རུང་ ནགས་ཚལ་འགོ་དཔོན་སྡེ་ཚན་གསརཔ་ཅིག་ ས་ཁོངས་དེ་ནང་འོང་ནུག།
རྡོ་གཞོང་དགོན་པ་ལུ་མཐོང་མི་ སྟག་གི་རྐང་རྗེས།


འཕྲལ་ཁམས་ཅིག་ཁར་ ནའུ་ཀི་ལོ་ཟེར་ས་ལུ་ གླང་ཅིག་ གནོདཔ་བཏོན་མི་དེ་ གཅན་གཟན་སྟག་དེ་ར་ཨིན་པའི་ དོགས་ཡོད་མི་ལུ་བརྟེན་ ནགས་ཚལ་སྡེ་ཚན་གྱིས་ ས་ཁོངས་ནང་ སོང་ལྟཝ་ད་ སྟག་གི་རྐང་རྗེས་གསརཔ་མཐོང་ཡོདཔ་ལས་ སྟག་བཟུང་ནིའི་དོན་ལུ་ ད་རུང་ ཧིང་བཀལ་བཞག་ཡོདཔ་ཨིན་པས།
དེ་འབདཝ་ད་ གཅན་གཟན་དེ་གིས་ ས་ཁོངས་ཅིག་ནང་ མ་སྡོད་མི་ལུ་བརྟེན་ སྟག་བཟུང་ནི་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་སོ་ནུག།
ནགས་ཚལ་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཅན་གཟན་དེ་གིས་ སྒོ་ནོར་སེམས་ཅན་ལུ་ ཚར་ཅིག་གནོདཔ་བཀལ་བའི་ཤུལ་ལས་ རོ་བཟའ་ནིའི་དོན་ལུ་ ལོག་འོང་མ་བཏུབ་མི་དང་ འགྱོ་སའི་ལམ་ཡང་ སོ་སོར་ཡོད་ནི་དེ་གིས་ ག་ཏེ་ཡོདཔ་ཨིན་ན་ཡང་ ཤེས་མི་ཚུགས་པས་ཟེར་ཨིན་པས།
ཁ་ཙ་གི་ ཧིང་དེ་ཡང་ ས་ཁོངས་ནང་ རྐང་རྗེས་གསརཔ་མཐོང་མི་དང་འཁྲིལ་ དོགས་སྣང་ཐོག་ལས་ བཀལ་བཞག་ཡོད་རུང་ ཧིང་ནང་ཚུད་ནི་ལུ་ ལཱ་ཁག་འོང་ནི་མས་ཟེར་ གཡུས་ཁའི་ཚོགས་པ་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ སྟག་གིས་ རྟ་ཅིག་བསད་ཡོདཔ་ལས་ རྟ་རོ་གི་ཕྱི་ཁ་ལས་ཕར་ ཧིང་བཀལ་བཞག་ཡོད་རུང་ ས་ཁོངས་དེ་ནང་ ཚར་ཅིག་ཡང་ ལོག་འོང་མ་བཏུབ་ལས་ སེམས་ཅན་གཞན་ཚུ་ ཧིང་ནང་ཚུད་ནི་གི་ ཉེན་ཁ་ཡོདཔ་ལས་ བཤུབ་འབག་འོང་ཡི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གནོདཔ་བཏོན་མི་ གླང་དེ་ ཉི་མར་ རྩྭ་ཁར་བཏང་པའི་ཤུལ་ལས་ ཇོ་བདག་སྡོད་སའི་ ཁྱིམ་གྱི་ལྟག་ལུ་ གནོད་བཀལ་ཡོདཔ་ད་ གླང་གི་ཇོ་བདག་ འཇམ་དཔལ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ནོར་ཚུ་སྐད་རྐྱབ་ས་གོ་སྟེ་ ཁོ་རའི་ རོ་ཁྱི་ཁྱིད་དེ་ ཚལ་མ་ནང་ སོང་བའི་སྐབས་ གླང་ནདཔ་བཏོན་སར་ལྷོདཔ་ད་ སྟག་དང་ཁ་ཐུག་རྐྱབ་ནི་ར་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ཁོ་གི་གླང་ལུ་ གནོདཔ་བཀལ་མི་ གཅན་གཟན་དེ་ མཐོང་མ་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
གཅན་གཟན་སྟག་དེ་ བཟུང་ཚུགས་པ་ཅིན་ ཤི་སྨན་བཙུགས་ཏེ་ ཐིམ་ཕུ་ལུ་ འབག་འོང་ནི་གི་ འཆར་གཞི་ཡོདཔ་ད་ གླང་ལུ་གནོདཔ་མ་བཀལ་བའི་ཧེ་མར་ ནོར་༡ བུམ་ཐང་ལུ་འགྱོ་སའི་ གཞུང་ལམ་ཁར་ བསད་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment