གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་མེད་བརྒྱུད་འཕྲིན་ཨང་གྲངས་ཞབས་ཏོག་ ལག་ལེན་འཐབ་མི་མེདཔ།

༢༧/༩/༢༠༡༢  ༉ སློབ་ཕྲུག་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཤེས་རིག་རྩ་གཞུང་ཞིབ་འཚོལ་དང་ གོང་འཕེལ་ལས་ཁུངས་ནང་ སློབ་དཔོན་ལིང་ཀ་ཟེར་མི་ རིན་མེད་ཐོག་ བརྒྱུད་འཕྲིན་གཏང་ནི་གི་ ཞབས་ཏོག་ཨང་གྲངས་ཅིག་ འགོ་བཙུགས་ཏེ་ ཟླཝ་༣ ལང་ཡོད་རུང་ ལག་ལེན་འཐབ་མི་ མི་འཐོན་དོ་ཡོདཔ་ཨིན་པས།


དེ་ཡང་ རིན་མེད་བརྒྱུད་འཕྲིན་ཞབས་ཏོག་ཨང་གྲངས་༡༨༥ དེ་ ད་ཚུན་གྱི་བར་ན་ ལག་ལེན་ཐེངས་༣༢ ལས་ལྷག་ འཐབ་མི་མ་ཐོན་པའི་ཁར་ ཞབས་ཏོག་དེ་ཡང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ ཆོས་ཚན་དང་འབྲེལ་བའི་ དོགས་པ་ཡོད་མི་ཚུ་ བསལ་ནི་གི་དོན་ལུ་ གཞི་བཙུགས་འབད་འབདཝ་ཨིན་པས།
བརྒྱུད་འཕྲིན་ཨང་གྲངས་དེ་ནང་ སྦྲེལ་མཐུད་འབད་བའི་སྐབས་ རྩ་གཞུང་འགོ་དཔོན་ཚུ་གིས་ ཆོས་ཚན་དང་འབྲེལ་བའི་དོགས་པ་བཀོད་མི་ཚུ་གི་ དོགས་སེལ་འབད་དོ་ཡོད་མི་དེ་ཡང་ བརྒྱུད་འཕྲིན་གཏང་མིའི་ དོགས་པ་དེ་ ཆོས་ཚན་དང་འབྲེལ་བ་ཡོད་པའི་ རྩ་གཞུང་འགོ་དཔོན་ཚུ་དང་ སྦྲེལ་མཐུད་ཐོག་ དོགས་སེལ་འབད་ནི་གི་ ལས་རིམ་ཅིག་ཨིན་པས།
ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ ད་ཚུན་ བརྒྱུད་འཕྲིན་ཨང་གྲངས་དེ་ ལན་ཐེངས་༣༢ ལག་ལེན་འཐབ་མི་ཚུ་གི་གྲས་ལས་ མཐོ་ཤོས་ར་ པདྨ་དགའ་ཚལ་ལས་ བརྒྱུད་འཕྲིན་ཐེངས་༥ དང་ རྫོང་ཁག་གཞན་ཚུ་ལས་ རེ་གཉིས་རེ་ལྷོད་ཡོད་རུང་ ཧཱ་དང་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ དགེ་ལེགས་ཕུག་ཚུ་ནང་ལས་ བརྒྱུད་འཕྲིན་ཚར་གཅིག་ཡང་ མ་ལྷོདཔ་ཨིན་པས།
རྩ་གཞུང་ཞིབ་འཚོལ་དང་ གོང་འཕེལ་ལས་ཁུངས་ཀྱི་མདོ་ཆེན་ སྐལ་བཟང་ཆོས་སྒྲོན་རྡོ་རྗེ་གིས་ སླབ་མིའི་ནང་ བརྒྱུད་འཕྲིན་ཨང་གྲངས་དེ་ འགོ་བཙུགས་པའི་ཤུལ་ལུ་ མཐུན་རྐྱེན་ཐོབ་སྤྱོད་འབད་དགོ་པའི་སྐོར་ སློབ་གྲྭ་ཁག་གི་ དབུ་འཛིན་ཚུ་ལུ་ ཁྱབ་བསྒྲགས་འབད་ཡོད་རུང་ འདི་བཟུམ་མའི་ ཞབས་ཏོག་ཡོདཔ་ཨིནམ་ ལེ་ཤ་ཅིག་གིས་ར་ མི་ཤེས་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཞབས་ཏོག་དེ་ སློབ་དཔོན་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ སློབ་ཕྲུག་དང་ ཐ་ན་ ཕམ་ཚུ་གིས་ཡང་ ལག་ལེན་འཐབ་ཆོག་ཟེར་ཨིནམ་ད་ ད་རེས་ ལག་ལེན་འཐབ་མི་ ཉུང་སུ་ཅིག་ལས་མ་ཐོན་རུང་ བརྡ་དོན་ཁྱབ་སྤེལ་འགྱོ་བའི་བསྒང་ལས་ ལག་ལེན་འཐབ་མིའི་ གནས་སྟངས་ཡང་ ལེགས་བསྒྱུར་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཐིམ་ཕུ་ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་དཔོན་ཚུ་གིས་ དོགས་པ་སེལ་ནི་གི་དོན་ལུ་ རིན་མེད་བརྒྱུན་འཕྲིན་ཨང་གྲངས་ ལག་ལེན་འཐབ་ནི་གི་ མཐུན་རྐྱེན་ཡོདཔ་ར་མ་ཤེས་ཟེར་ཨིན་པས།
སློཔ་དཔོན་ལ་ལུ་གིས་ ཞབས་ཏོག་དེ་ ཡོདཔ་ཤེས་རུང་ བརྒྱུན་འཕྲིན་ཨང་གྲངས་དེ་ ཚར་ཅིག་ཡང་ ལག་ལེན་འཐབ་འཐབ་མེད་པའི་ཁར་ དེ་བཟུམ་མའི་ དོགས་སེལ་འབད་དགོ་པའི་ གནད་དོན་ཡང་ ལེ་ཤ་མི་ཐོན་པས་ཟེར་ཨིན་པས།
སློབ་དཔོན་ལིངཀ་ཟེར་མི་ རིན་མེད་བརྒྱུད་འཕྲིན་ཞབས་ཏོག་ཨང་གྲངས་དེ་གི་ཐོག་ལས་ དོགས་པ་བཀོད་མི་ འཐོན་པ་ཅིན་ དོགས་སེལ་འབད་མི་ རྩ་གཞུང་འགོ་དཔོན་༢༡ དེ་ཅིག་ཡོདཔ་ད་ ཁོང་ལུ་ སློབ་སྟོན་གྱི་ ཉམས་མྱོང་ཡང་ ཡོད་པའི་ཁར་ རྩ་གཞུང་དང་འབྲེལ་བའི་ དོགས་པ་སེལ་ཚུགས་པའི་ ཁྱད་ཡོན་ཚུ་ཡང་ཡོད་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment