གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་གྱིས་ འཛམ་གླིང་སྤྱི་ཚོགས་ནང་ རེས་གཟའ་སྤེན་པ་ལུ་ གསུང་བཤད་གནང་ནི།

༢༧/༩/༢༠༡༢   ༉ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཚོགས་འདུའི་ ཚོགས་ཐེངས་༦༧ པའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་གཞུང་གི་ འཐུས་མི་སྡེ་ཚན་འགོ་ཁྲིད་ཐོག་ བྱོན་ཡོད་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ནངས་པ་དྲོ་པར་ རྒྱལ་སྤྱི་ཚོགས་འདུའི་ནང་ གསུང་བཤད་གནང་ནི་ཨིན་པས།
བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ དབུ་ཁྲིད་ཚུ་དང་ གསུང་གྲོས་གནང་པའི་བསྒང་།


བློན་ཆེན་མཆོག་ ནིའུ་ཡོག་ལུ་ ཕེབས་པའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ གཞུང་དང་རྒྱལ་ཁམས་ཀྱི་ དབུ་ཁྲིད་མང་རབས་ཅིག་དང་ མཇལ་ཕྲད་ཀྱིས་ གསུང་གྲོས་གནང་ཡོདཔ་ཨིན་པས།
དེ་ཡང་ བློན་ཆེན་གྱིས་ མཇལ་ཕྲད་གནང་མི་ དབུ་ཁྲིད་ཚུ་གི་གྲས་ལས་ ཧེ་མའི་ཡོ་གོ་སི་ལ་བི་ཡའི་ མི་སེར་རྒྱལ་ཁབ་ མེ་སི་ཌོ་ནི་ཡའི་སྲིད་འཛིན་ ཇོརཇ་ ཨི་བཱ་ནོབ་དང་ སོ་མ་ལི་ཡའི་སྲིད་བློན་ ཌོག་ཊར་ཨབ་དི་ཝི་ལི་ མོ་ཧ་མཱད་ ཨཱལ་བཱ་ནི་ཡའི་སྲིད་འཛིན་ བུ་ཇར་ ནི་ཤ་ནི་ དེ་ལས་ ཨཱལ་ཇི་རི་ཡའི་ཕྱི་འབྲེལ་བློན་པོ་ མའུ་རཱཌ་ མེ་ཌེལ་སི་དང་ ཀོ་རི་ཡ་མི་སེར་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་དང་ ཚོང་འབྲེལ་བློན་པོ་ ཀིམ་སུང་ཧུ་ཝཱན་ཚུ་ཨིན་པས།
ནིའུ་ཡོག་འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ བློན་ཆེན་གྱི་ མཇལ་ཕྲད་སྐབས་ གནད་དོན་གཙོ་བོ་ར་ འཛམ་གླིང་སྤྱི་ཚོགས་ནང་ མཉམ་འབྲེལ་གྱིས་གཙོས་པའི་ ཟུང་ཕྱོགས་མཐུན་ལམ་རྩ་བརྟན་བཟོ་ནི་དང་ མཉམ་འབྲེལ་འབད་ནི་གི་ འོས་འབབ་ཡོད་མི་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
བློན་ཆེན་དང་ ཕྱག་ཞུ་སྟེ་བྱོན་མི་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ མཱོན་ཊི་ནི་གོ་རོའི་ ཡུ་རོ་པིན་གཅིག་སྒྲིལ་གྱི་ ཕྱི་འབྲེལ་བློན་པོ་ ནེ་བོཇ་ས་ ཀ་ལུ་ཇི་རོ་བིག་དང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment