གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་༩ གིས་ ཁྱིམ་ས་མཁོ་སྒྲུབ་འབད་ཡོདཔ།

༡༤/༩/༢༠༡༢   ༉ ད་རེས་ནངས་པ་ མི་མང་གི་དོན་ལུ་ རྩོད་དོན་གནད་འགག་ཅན་ཅིག་ལུ་ གྱུར་ཡོད་མི་ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ས་དང་ ཁྱིམ་ས་ཚུ་ སྤྱི་ལོ་༡༩༩༩ དང་ སྤྱི་ལོ་༢༠༠༦ གི་བར་ན་ ཚོགས་ཆུང་༤ གིས་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་ རྒྱལ་པོའི་ཞིང་གི་ཁྲོམ།


དེ་ཡང་ རྫོང་བདག་དེ་ རྫོང་ཁག་ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ ཁྲི་འཛིན་དང་ རྫོང་རབ་དེ་ འཐུས་མི་དྲུང་ཆེན་གྱི་ ཁག་འགན་ཐོག་ལུ་ ཚོང་འབྲེལ་ས་ཁོངས་དང་ སྡོད་གནས་ས་ཁོངས་ཚུ་ལས་ ཁྱིམ་ས་བགོ་སྤྲོད་ཀྱི་དོན་ལུ་ ཚོགས་ཆུང་༤ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཚོགས་ཆུང་ནང་ འཐུས་མི་ཉུང་ཤོས་༡༢ ཡོད་མིའི་གྲངས་སུ་ རྫོང་བདག་དང་ རྫོང་རབ་གཉིས་ཀྱིས་གཙོས་པའི་ རྫོང་ཁག་གི་ སྡེ་ཚན་འགོ་དཔོན་ཧ་ལམ་ག་ར་ཚངམ་སྦེ་ཡོད་མི་དེ་ཡང་ ས་ཁྲམ་འགོ་དཔོན་དང་ རྫོང་ཁག་བཟོ་རིག་འགོ་དཔོན་ རྫོང་ཁག་སོ་ནམ་འགོ་དཔོན་ རྫོང་ཁག་སྒོ་ནོར་འགོ་དཔོན་ མོང་སྒར་རྒཔོ་ ས་གླིང་རྒཔོ་ མོང་སྒར་ཁྲོམ་གྱི་སྤྱི་མི་ རྒྱལ་པོའི་ཞིང་ཁྲོམ་གྱི་འཐུས་མི་ མོང་སྒར་ཁྲོམ་སྡེའི་ འཐུས་མི་ཚུ་ཨིན་པས།
ཀུར་རི་ཆུ་གློག་མེ་ལས་འགུལ་དང་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་དོན་ལུ་ ས་ཆ་མཁོ་སྒྲུབ་འབད་ནི་གི་ བྱ་རིམ་དེ་ སྤྱི་ལོ་༡༩༩༦ ལུ་ མོང་སྒར་རྫོང་བདག་ དྲགོས་ལྷག་པ་རྡོ་རྗེའི་སྐབས་ འགོ་བཙུགས་ཡོདཔ་ད་ དྲགོས་ལྷག་པ་རྡོ་རྗེ་གིས་འབད་བ་ཅིན་ ཀུར་རི་ཆུ་དང་ རྒྱལ་པོའི་ཞིང་ཁྲོམ་ དེ་ལས་ སློབ་གྲྭའི་དོན་ལུ་ ས་ཆ་དགོས་མཁོ་ཡོད་མི་དང་འཁྲིལ་ གཞུང་གི་ལམ་ལུགས་ཐོག་ལས་ གཞུང་ས་མ་རྩིས་བར་ མི་སེར་ཞིང་པ་ཚུ་གི་ སྒེར་ས་ཨེ་ཀར་༥༡.༥ མཁོ་སྒྲུབ་འབད་དེ་ མི་སེར་ཚུ་ལུ་ ལོ་ཐོག་གི་ རྒུད་འཐུས་དང་ ས་རིན་ཚུ་ སྤྲོད་ཅི་ཟེར་ཨིན་པས།
ཤུལ་ལས་ མི་སེར་ཚུ་ལས་ མཁོ་སྒྲུབ་འབད་མིའི་ སྒེར་ས་ཨེ་ཀར་བསྡོམས་༨༡.༨༩ ལུ་ ཡང་སེང་སོང་མི་དེ་ དགོས་མཁོ་ག་ཅི་ལུ་ གཞི་བཞག་སྟེ་ མཁོ་སྒྲུབ་འབད་ཡོདཔ་ཨིན་ན་ དྭངས་གསལ་མེདཔ་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་མདོར་བསྡུས་ཅིག་ ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་མི་ལུ་ལྟཝ་ད་ འབྲས་སྤུངས་དང་ ཝང་གླིང་ སྔ་ཚང་ ས་གླིང་རྒེད་འོག་ཚུ་ལས་ ཁྱིམ་གུང་༧༡ ལས་ གཞུང་བཞེས་བཏང་ནུག།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝད་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་དང་པ་དེ་ ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ མོང་སྒར་གྱི་ རྫོང་བདག་སྦེ་བཞུགསཔ་ད་ གཞི་བཙུགས་འབད་དེ་ སྤྱི་ལོ་༡༩༩༩ ལུ་ རྒྱལ་པོའི་ཞིང་ཁྲོམ་སྡེའི་ ས་ཁོངས་ནང་ལས་ ཚོང་པ་༡༩ ལུ་ ཁྱིམ་རྐྱབ་ནིའི་དོན་ལས་ ཁྲོམ་ས་ཌིསི་༧.༢༦ རེ་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༡-༢༠༠༢ ལུ་ ཁྲོམ་ས་བགོ་སྤྲོད་གྱི་ གོ་རིམ་གཉིས་པ་ ལག་ལེན་འཐབ་ད་  ཁྱིམ་ས་བགོ་སྤྲོད་ཚོགས་ཆུང་གཉིས་པ་ གཞི་བཙུགས་འབད་ཐོག་ལས་ སྤྱི་ལོ་༢༠༠༦ ཟླཝ་༦ པའི་ནང་ ཚོང་འབྲེལ་དང་ སྡོད་གནས་ས་ཁོངས་གཉིས་ཆ་ར་ལས་ ས་ཆ་བགོ་སྤྲོད་འབད་ནི་ འགོ་བཙུགས་ནུག།
གོ་རིམ་གཉིས་པའི་ནང་ ཚོང་འབྲེལ་ས་ཁོངས་ལས་ ཁྱིམ་ས་༢༥ དེ་ཅིག་དང་ སྡོད་གནས་ས་ཁོངས་ལས་ ཁྱིམ་ས་༤༦ དེ་ཅིག་ བགོ་སྤྲོད་འབད་ཡོདཔ་མ་ཚད་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་ཕར་ཁར་ གཞུང་ས་ཨེ་ཀར་༨.༡༠ དེ་ཅིག་ཡོད་མི་ལས་ ས་ཚན་༦ དང་༧ དེ་ཅིག་ ཆེ་རིམ་ཅན་ཚུ་ལུ་ བགོ་སྤྲོད་འབད་ནུག།
དེ་འབདཝ་ད་ ས་གནས་ཁག་གསུམ་ཆ་རའི་ནང་ ས་ཆ་ཚད་གཞི་དང་འཁྲིལ་མིན་པར་ ཚད་གཞི་སོ་སོའི་ཐོག་ལུ་ བགོ་སྤྲོད་འབད་ཡོད་མི་དེ་ཡང་ ཚོང་འབྲེལ་ས་ཁོངས་ནང་ལས་ མི་མང་ཤོས་ཅིག་ལུ་ ཚད་གཞི་བཟོ་ཡོད་མི་དང་འཁྲིལ་ ཚོང་ཁང་རྐྱབ་ནིའི་དོན་ལུ་ ཁྱིམ་ས་ཌིསི་༧.༢༦ རེ་ བགོ་སྤྲོད་འབད་ཡོད་རུང་ མི་གྲངས་༤ ལུ་ ས་ཆ་ཌིསི་༡༡ ལས་༡༤ གི་བར་ན་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
སྡོད་ཁྱིམ་ས་ཁོངས་ནང་ལས་ ཁྱིམ་ས་ཌིསི་༡༠.༦༧ ལས་ ཌིསི་༥༠ གི་བར་ན་ བགོ་སྤྲོད་འབད་ཡོདཔ་ལས་ འདྲ་མཉམ་མེདཔ་མ་ཚད་ ཀུར་རི་ཆུ་ཕར་ཁ་ལས་ཡང་ ས་ཆ་ཌིསི་༥༠ ལས་ ཨེ་ཀར་༢ ཀྱི་བར་ན་ བགོ་སྤྲོད་འབད་ནུག།
ལོ་རྒྱུས་དང་འཁྲིལཝ་ད་ ས་ཆ་ཚུ་ བགོ་སྤྲོད་འབད་བའི་སྐབས་ལུ་ རྫོང་བདག་འཇིགས་མེད་ཚུལ་ཁྲིམས་དེ་ བདེ་བ་ཐང་ལུ་ སྲུང་སྐྱོབ་ཀྱི་ ཞལ་འཛོམས་གནང་པར་ སོང་ཡོདཔ་ལས་ ཁྲི་འཛིན་ངོ་ཚབ་ རྫོང་རབ་ཀྱིས་ ས་ཆ་བགོ་སྤྲོད་འབད་ནུག།
དེ་འབདཝ་ད་ འཇིགས་མེད་ཚུལ་ཁྲིམས་དེ་ ཚོགས་ཆུང་གི་ ཁྲི་འཛིན་ཨིནཔ་ལུ་བརྟེན་ ཁྲོམ་ས་བགོ་སྤྲོད་ཀྱི་ མཐའ་བཅད་ཡི་གུའི་ནང་ མིང་རྟགས་བཀོད་ཡོདཔ་ཨིན་པས།
དེ་ལས་ ཚོང་འབྲེལ་ས་ཁོངས་དང་ ཆུ་ཕར་ཁ་ལས་ ས་ཚན་༥ ད་ལྟོའི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ མོང་སྒར་རྫོང་བདག་སྦེ་བཞུགསཔ་ད་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ བགོ་སྤྲོད་འབད་ནུག།
ཁོ་གིས་ཡང་ ས་ཆ་བགོ་སྤྲོད་ཀྱི་དོན་ལུ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ཚོགས་ཆུང་གཉིས་ གཞི་བཙུགས་འབད་དེ་ ཁྱིམ་ས་༥ བགོ་སྤྲོད་འབད་མི་ལས་༢ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་གཉིས་ལུ་ ཁྲོམ་ས་ལས་ ས་ཆ་ཌིསི་༡༠.༦༧ རེ་བགོ་སྤྲོད་འབད་ནུག།
ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཚོགས་ཆུང་ཚུ་གིས་ ས་ཚན་༩༩ ལས་༦༧ ཚུལ་མིན་གྱི་སྒོ་ལས་ བགོ་སྤྲོད་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་མ་ཚད་ ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་༩ གིས་ རང་སོའི་བཟའ་ཟླ་དང་ ཨ་ལུ་ ཡང་ཅིན་ ཉེ་ཚན་ཚུ་གི་ མིང་ཐོ་ལུ་ མཁོ་སྒྲུབ་འབད་ཡོདཔ་ད་ འཐུས་མི་ཅིག་གིས་ ཁོ་རའི་ཨ་ལུ་༢ དང་ ཁྱིམ་ནང་ལཱ་གཡོག་རྐྱབ་མི་༡ གི་མིང་ཐོ་ཁར་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་ཉོགས་འཛིན་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་བའི་ཤུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༡ ཟླཝ་༩ པའི་ཚེས་༢༠ ལས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ནུག།
ཞིབ་དཔྱད་སྙན་ཞུ་དེ་ ཟླཝ་འདི་གི་ སྔ་ཆ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བསྐྱལ་བའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འགལ་གྱི་ཐོག་ལས་ ས་ཆ་བགོ་སྤྲོད་འབད་མི་ ཁྱིམ་ས་༧༥ གནས་སྐབས་ཅིག་ ཉོ་བཙོང་བཀག་འཛིན་འབད་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment