གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་ནག་ལས་ ཚོང་ཆས་བཏོན་མི་༤ འཛིན་བཟུང་།

༡༨/༩/༢༠༡༢   ༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ རྒྱ་ནག་གི་ ས་མཚམས་བརྒྱུད་དེ་ ཚུལ་མིན་ཐོག་ལས་ ཚོང་ཆས་བཏོན་འབག་འོང་མི་ ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ ཆོས་འཁོར་སྟོད་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ ཁག་སྟང་ལུ་ འབྲུག་པའི་བསྟན་སྲུང་དམག་མི་ཚུ་གིས་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་ཚུ་གིས་ རྟ་༨ དང་གཅིག་ཁར་ རྒྱ་ནག་གི་ ཚོང་ཆས་ཚུ་ འབག་འོང་ཡོདཔ་ད་ དེ་ཡང་ ཁོང་རའི་སྤུན་ཆ་ ལ་ཁར་གཡག་འཚོ་སྡོད་མི་ཚུ་ལས་ དར་ཚིལ་དང་ མར་ཚུ་ ལེན་པར་འགྱོ་བའི་སྐབས་ གཅིག་ཁར་འབག་འོང་ནུག་ཟེར་ཨིན་པས།
འཛིན་བཟུང་འབད་མི་ ཕོ་སྐྱེས་༤ གི་གྲས་ལས་༢ ཚོང་ཆས་བཏོན་མི་ཚུ་གི་ ཆ་རོགས་སྦེ་ གཅིག་ཁར་སོང་ཡོདཔ་ད་ ཁོང་ཆ་ཁྱབ་ ཐིང་ཀ་ལ་ཟེར་སར་ གཡག་གི་བྱང་ས་ལས་ ལོག་འོང་སྟེ་ བསྟན་སྲུང་དམག་མི་གི་སྒར་ཡོད་ས་ ཁག་སྟང་ལུ་ལྷོདཔ་ད་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ རྒྱ་ནག་གི་ཅ་ལ་ གདན་དང་ ཇ་རིལ་ཚུ་ འབག་འོང་ཡོདཔ་ད་ དེ་ཡང་ ཟླཝ་༡ དེ་ཅིག་གི་ཧེ་མར་ གཡག་འཚོ་མི་ཚུ་གིས་ དབྱར་རྩྭ་དགུན་འབུབ་དང་གཅིག་ཁར་ བརྗེ་སོར་འབད་ཡོདཔ་སྦེ་ བཤད་ཡོདཔ་ཨིན་རུང་ དེ་བཟུམ་མའི་ ཚོང་འབྲེལ་དེ་ ཚུལ་མིན་ཨིནམ་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ལས་ ཁོང་ཆ་ཁྱབ་ ད་ལྟོ་ དོ་དམ་འོག་ལུ་ བཙུགས་བཞག་ཡོདཔ་ཨིན་པས།
ཁག་སྟང་དེ་ ཆོས་འཁོར་སྟོད་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་ ས་གནས་ཁར་ཨིནམ་ད་ གཡག་གི་བྱང་ས་ ཐིང་ཁ་ལ་དེ་ ཆོས་འཁོར་སྟོད་ལས་ ཉིན་ལམ་༢ ཀྱི་ས་ཁར་ ཆགས་ཡོདཔ་ཨིན་པས།
ཚོང་ཆས་ཚུ་ དམག་མི་ལ་སྲུངཔ་ཚུ་གིས་ འཕྱོག་བཟུང་འབད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment