གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོལ་རིལ་བའི་རྐྱེན་ངན་ནང་ ཕོ་སྐྱེས་ཅིག་ལུ་ཤི་རྐྱེན།

༢༠/༩/༢༠༡༢   ༉ ཁ་ཙ་དྲོ་པའི་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར༌ སྤུ་ན་ཁ་ མནྜལ་སྒང་ལུ་ སྣུམ་འཁོར་ཊཱག་ཅིག་ འཁོར༌ལམ་འོག་ལས་མར་ ཕིཊི་༢༠༠ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༥ འབད་མི་ དེད་གཡོགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་བྱུང་བའི་སྐབས་ལུ་ དེད་གཡོགཔ་དང་གཅིག་ཁར་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་ཅིག་ ཡོདཔ་ད་ ཁོ་གི་མགུ་ཏོ༌གུ་ རྨ་སྐྱོན་བྱུང་མི་ལུ་བརྟེན་ སྤུ་ན་ཁ་ སྨན་ཁང་ནང་ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཐིམ་ཕུ་ཆུ་འཛོམས་ལས་ སྣུམ་འཁོར་ཊཱག་དེ་ནང་ འཛུལ་སོང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ འབད་བ་ཅིན་ རྩི་རང་ལས་ཨིན་མི་ ཚེ་འདས་ དེད་གཡོགཔ་གི་ མགུ་ཏོ་གུ་ལུ་ རྨ་སྐྱོན་སྦོམ་བྱུང་སྟེ་ སྨན་ཁང་ནང་ འབག་འོང་བའི་བསྒང་ལས་ ཤི་སོ་ནུག་ཟེར་ཨིན་པས།
ཚེ་འདས་དེ་དང་ གཞན་མི་ཕོ་སྐྱེས་༢ དྲོ་པའི་ཆུ་ཚོད་༤ དེ་ཅིག་ལུ་ སྤུ་ན་ཁ་སྨན་ཁང་ནང་ ལྷོད་ཡོདཔ་ཨིན་རུང་ སྨན་ཁང་ནང་ ག་གིས་བསྐྱལ་ཡོདཔ་ཨིན་ན་མ་ཤེས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེང་ངན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཤེས་རྟོགས་མ་བྱུང་རུང་ དྲོ་པའི་ཆུ་ཚོད་༥ དང་ སྐར་མ་༡༠ དེ་ཅིག་ཁར་ སྨན་ཁང་གི་ལས་བྱེདཔ་ལས་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ འགོ་དཔོན་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ས་སྤག་ཅུང་ འདེགས་འབག་མི་ ཊཱག་གི་ དེད་གཡོགཔ་དེ་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཕུན་ཚོགས་གླིང་ལས་ དབང་འདུས་ཕོ་བྲང་ལུ་ འོང་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་ལས་ ཆུ་ཚོད་ག་དེམ་ཅིག་ཁར་ འོང་འོངམ་ཨིན་ན་ ཤེས་མ་ཚུགས་ཟེར་ཨིན་མས།
ད་ལྟོ་ རྐྱེན་ངན་དེ་གི་ བྱུང་རྐྱེན་དེ་ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགས་རུང་ དེད་གཡོགཔ་དེ་ གནམ་ནུབ་མོ་ སྣུམ་འཁོར་བཏང་ནི་དེ་གིས་ གཉིད་ལོང་ལོངཔ་བཟུམ་འདུག་ཟེར་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment