གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ ཐེངས་༣ པ་ འགོ་བཙུགས་ཡོདཔ།

༢༠/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་སྦེ་ འགོ་འདྲེན་འཐབ་མི་ འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ ཐེངས་༣ པའི་ནང་ རྒྱ་ནག་དང་ ཧོང་ཀོང་ དེ་ལས་ ཏའི་ཝཱན་རྒྱལ་ཁབ་༣ གྱིས་ འགོ་ཐོག་བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་ཁབ་༧ གྱི་འཐུས་མི་ཚུ་གིས་ ཚོང་འབྲེལ་འགྲེམ་སྟོན་གྱི་ འགོ་འབྱེད་རྟེན་འབྲེལ་བརྩི་བའི་བསྒང་།


དེ་ཡང་ ལོ་བསྟར་བཞིན་དུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མི་ ཚོང་འབྲེལ་འགྲེམ་སྟོན་ནང་ རྒྱལ་ཁབ་༧ གྱིས་ བཅའ་མར་གཏོགས་མི་ཚུ་ཡང་ འབྲུག་དང་ རྒྱ་གར་ ནེ་པཱལ་ བང་ལ་དེཤ་ རྒྱ་ནག་ ཧོང་ཀོང་ དེ་ལས་ ཏའི་ཝཱན་རྒྱལ་ཁབ་ཚུ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་གཙོ་བོ་ར་ རང་སོའི་ རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་མི་ཅ་ཆས་ཚུ་ རྒྱུ་ཆས་ག་ཅི་གིས་ བཟོ་དོ་ཡོདཔ་ཨིན་ནའི་ དཔེ་སྟོན་བཟུམ་ཅིག་དང་ དེ་ཚུ་ རྒྱལ་ཁབ་གཞན་ཚུ་ནང་ དར་ཁྱབ་དང་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་མི་ཚུ་ལུ་ རིག་རྩལ་དང་ ལྕོགས་གྲུབ་ རྒྱུ་ཆས་ཚུ་ཡོད་རུང་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ རྒྱུ་གཅིག་ལས་ བཟོ་ཡོད་པའི་ ཚོང་རིགས་ཚུ་མེདཔ་ལས་ དེ་ཚུ་ འབྲུག་རྒྱལ་ཁབ་ཀྱི་ མི་མང་ཡོངས་ཀྱིས་ ལྟ་ཞིབ་འབད་ནི་དང་ ལྷབ་སྦྱང་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་ལུ་ སྔར་ལས་ དར་ཁྱབ་སོང་ཡོད་པའི་ ལམ་ལུགས་ཚུ་ གོང་འཕེལ་གཏང་ནི་དང་ རང་ལུགས་ཀྱི་ ཐུན་མོང་མ་ཡིན་པའི་ ཁྱད་ཆོས་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་འགྲེམ་ཁང་ཚུ་ནང་ དར་ཁྱབ་གཏང་ནི་ལུ་དམིགས་ཏེ་ ལམ་ལུགས་བརྗེ་སོར་འབད་ཐབས་དང་ ཕྱིའི་རྒྱལ་ཁབ་ཀྱི་མི་སེར་དང་ འབྲུག་པའི་མི་སེར་ཚུ་གི་བར་ན་ མཐུན་ལམ་དང་ ཚོང་འབྲེལ་ཚུ་ འཐབ་ཚུགས་ནིའི་དོན་ལུ་ འགོ་འདྲེན་འཐབ་ཅི་ཟེར་ སླབ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་འགོ་དཔོན་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་དོན་གཙོ་བོ་ར་ རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་ལེགས་ཤོམ་བཞག་ཚུགསཔ་བཟོ་ནི་དང་ འབྲུག་པའི་ མི་སེར་ཚུ་གིས་ འབད་ཚུགས་པའི་ གཞན་རྒྱལ་ཁབ་ནང་ བཟོ་སྐྲུན་འབད་ཡོད་པའི་ ཅ་ཆས་ཚུ་ དཔེ་ལྟ་སྟེ་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནི་ དེ་ལས་ གྲོང་གསེབ་ཀྱི་ དབུལ་ཕོངས་དཀའ་ངལ་མར་ཕབ་དང་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ དུས་ཅི་ འགོ་ཐོག་རྒྱལ་ཁབ་༣ ལས་ ཚོང་འབྲེལ་འགྲེམ་སྟོན་ནང་ བཅའ་མར་གཏོགས་ཚུགས་ནི་་དེ་གིས་ འབྲུག་པའི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ལས་ གྲོང་གསེབ་གཡུས་སྒོ་ཚུ་ལས་ མི་སེར་ཚུ་གིས་ སྤྲོ་བ་བསྐྱེད་དེ་ རྒྱུ་གཅིག་ལས་བསྒྲུབས་ཡོད་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་སྟེ་ རང་མགོ་རང་འདྲོང་བཟོ་ཚུགས་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་པས།
འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་ནང་ རྒྱ་གར་ཨ་སམ་དང་ ནེ་པཱལ་ དེ་ལས་ འབྲུག་པའི་སྡེ་ཚན་ལས་ སྔར་སྲོལ་ལམ་ལུགས་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ ཞབས་ཁྲ་རིག་གསར་དང་ འབོད་སྒྲ་ཚུ་ ཁ་ཙ་ཕྱི་རུ་ འབྲུག་པའི་སྐུ་མགྲོན་དང་ ཕྱི་རྒྱལ་ལས་ བཅའ་མར་གཏོགས་མི་ཚུ་ སྤྱན་འབུལ་ཞུ་ཡོདཔ་མ་ཚད་ ད་རིས་ཕྱི་རུ་ བཅའ་མར་གཏོགས་མི་ རྒྱལ་ཁབ་ཚུ་ལས་ གྱོན་ཆའི་འགྲེམ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཉིན་གྲངས་༥ འི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ འབྲུག་རྒྱལ་སྤྱི་ཚོང་འབྲེལ་འགྲེམ་སྟོན་དེ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ ཚོང་འབྲེལ་འགྲེམ་སྟོན་ལས་རིམ་ནང་ རྒྱལ་ཁབ་༧ ལས་ བཅའ་མར་གཏོགས་མི་༤༠༠ ལྷགཔ་ཅིག་ ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment