གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་བྱང་སྟོར་ཤོར་མིའི་གནད་དོན་ལུ་ ཁྲག་གི་དཔེ་ཚད་བརྟག་དཔྱད་འབད་ནི།

༡༧/༩/༢༠༡༢   ༉ སྐྱེས་ལོ་༨༠ ལང་མི་ རྟའི་ཇོ་བདག་ཅིག་གིས་ ཁོ་གི་རྟ་བྱང་སྟོར་ཤོར་མི་དེ་ ངོས་འཛིན་འབད་ཐབས་ལུ་ བུམ་ཐང་ཁྲིམས་སྲུང་འགག་པ་ལུ་ ཁྲག་གི་དཔེ་ཚད་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།


དེ་ཡང་ སྡོམ་མཁར་ལས་ཨིན་མི་ ཇོ་བདག་དེ་གི་ རྟ་ཕོ་ཆེན་ཅིག་ཡོད་མི་དེ་ དུས་ཅི་ལོ་འགོ་བཙུགས་ཁམས་ལུ་ སྡོམ་མཁར་ལུ་ རྩྭ་ཁར་བཏང་བཞག་ས་ལས་ གར་སོང་མེདཔ་བྱང་དཔ་ལས་ གཡུས་ཚན་དེ་གི་ ཕོ་སྐྱེས་ཅིག་གིས་ དགེ་ལེགས་ཕུག་གི་ གཡུས་ཚན་ཅིག་ནང་ བཙོང་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ འཕྲལ་ཁམས་ཅིག་ཁར་ བཙུགས་མིའི་ངག་བརྗོད་དང་འཁྲིལ་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ འདས་པའི་ཟླཝ་ནང་ དགེ་ལེགས་ཕུག་ ཆུ་འཛོམས་ཟེར་ས་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ རྟ་དེ་གི་ མིང་ཡང་ སོ་སོར་ཡོད་པའི་ཁར་ ངོ་རྟགས་མ་འདྲཝ་སྦེ་ མཐོང་ཡོདཔ་ཨིན་པས།
ཞིབ་དཔྱད་དེ་གི་སྐབས་ལུ་ ཇོ་བདག་ཁོ་ར་ ལོ་ན་རྒས་ནི་དེ་གིས་ འགྱོ་མ་ཚུགས་རུང་ ཞིབ་དཔྱད་དེ་ལུ་ བསམ་པ་མ་རྫོགསཔ་ལས་  གནམ་དགུན་ལུ་ བལྟ་བར་འགྱོ་ནི་གི་ རེ་བ་ཡོདཔ་ཨིན་པས།
རྟ་བཙོང་མི་ དོགས་ཅན་གྱིས་ཡང་ རྟ་དེ་ལུ་རྐྱེན་ངན་བྱུང་སྟེ་ ཤི་རྐྱེན་བྱུང་ཉེན་ཡོདཔ་ལས་ ཞིབ་དཔྱད་ འཕྲལ་མགྱོགས་ར་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཁོ་གིས་ འདས་པའི་ངག་བརྗོད་ནང་ རྟ་དེ་ ཀྲོང་གསར་ལས་ཉོ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
རྟའི་ཇོ་བདག་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རྟ་ཉོ་མི་དང་ བཙོང་མི་གཉིས་ཆ་ར་ དོ་དམ་ནང་བཞག་ཡོད་རུང་ སྐབས་ཅིག་བཏང་ཡོདཔ་ཨིན་པས།
ཁྲག་གི་དཔེ་ཚད་ ཞིབ་དཔྱད་འབད་སྲོལ་ཡོད་རུང་ བྱང་སྟོར་ཤོར་མི་རྟ་གི་ ཨའི་དེ་ཤི་སོཔ་ལས་ ག་དེ་སྦེ་འབད་ནི་ཨིན་ན་ ད་ལྟོ་ སླབ་མི་ཤེས་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment