གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་ཚན་༦ གིས་ རྒེད་འོག་སོ་སོ་དགོ་པའི་ཞུ་བ།

༢༩/༩/༢༠༡༢   ༉ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ རྡོ་ཕུག་ཅན་རྒེད་འོག་ནང་ གཡུས་ཚན་༦ གྱི་ མི་སེར་ཚུ་ རྒེད་འོག་ལྟེ་བའི་ནང་ འགྱོ་ནིའི་དོན་ལུ་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ ཚལ་མ་བདའ་སྟེ་ ལམ་འགྱོ་དགོཔ་ལས་ ཁོང་གི་དོན་ལུ་ རྒེད་འོག་སོ་སོ་ཅིག་ དགོ་འདོད་བསྐྱེདཔ་ཨིན་པས།
བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ སློཔ་གཡུས་ཚན་གྱི་མཐོང་སྣང་།


གཡུས་མི་ཚུ་གིས་འབད་བ་ཅིན་ ཁོང་གིས་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་ཚུ་ནང་ ཁོང་གི་ གཡུས་ཚན་༦ སོ་སོར་བཏོན་ཐོག་ལས་ རྒེད་འོག་ཅིག་ བཟོ་དགོ་པའི་ གྲོས་འཆར་ ལན་ཐེངས་ལེ་ཤ་བཙུགས་ཡོདཔ་ཨིན་རུང་ དེ་ལུ་ ངོས་ལེན་ག་ཅི་ཡང་ མ་ཐོབ་ཟེར་ཨིན་པས།
ད་རུང་ ད་རེས་ཁམས་ཅིག་ཁར་འཚོགས་མི་ རྒེད་འོག་ཚོགས་སྡེའི་ནང་ཡང་ ད་ལྟོའི་ཚོགས་པ་ སློཔ་གཡུས་ཚན་ལས་ སྐྱབས་ཅུ་གིས་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ ཚོགས་སྡེ་གིས་ གལ་སྲིད་ རྒེད་འོག་གསརཔ་ཅིག་ ངེས་པར་དུ་ དགོཔ་ཡོད་པ་ཅིན་ སྐྱིད་སྡུག་སྦེ་ ཞུ་དགོ་ཟེར་ སླབ་ཡོདཔ་ཨིན་པས།
རྒེད་འོག་ལྟེ་བ་ལས་ ཐག་རིང་སར་འབད་མི་ གཡུས་ཚན་༦ པོ་དེ་ཡང་ སེང་ལྡན་དང་ ས་ཏ་ཁ་ ས་ལུང་གཡུས་ཚན་ཀ་དང་ ཁ་ ལུངམ་སྦས་ དེ་ལས་ ལྷབ་ཇེ་གའུན་གཡུས་ཚན་ཚུ་ཨིནམ་ད་ དེ་ཚུ་དང་གཅིག་ཁར་ སློཔ་གཡུས་ཚན་གྱི་ས་གནས་ ལོ་ཏོག་ཀུ་ཆུ་འཇིགས་མེད་ ལོ་ཏོག་ཀུ་ཆུ་སེངྒེ་དང་ ལོ་ཏོག་ཀུ་ཆུ་དབང་ཕྱུག་ཚུ་ཡང་ ཚུདཔ་ཨིན་པས།
སྐྱབས་ཅུ་གིས་འབད་བ་ཅིན་ རྒེད་འོག་ལྟེ་བ་ལུ་ གལ་ཅན་དང་ གལ་ཅན་མེན་པའི་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཨ་རྟག་ར་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོཔ་ལས་ རྒེད་འོག་ཅིག་ ལོགས་སུ་སྦེ་ར་ དགོཔ་ཡོད་ཟེར་ཨིན་པས།
གཡུས་ཚན་ཚུ་གི་གྲས་ལས་ ལོ་ཏོག་ཀུ་ཆུ་དབང་ཕྱུག་གཡུས་ཚན་གྱི་མི་ཚུ་ རྒེད་འོག་ལྟེ་བའི་ནང་ ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ ཁོང་ལུ་ སྟབས་མ་བདེཝ་བྱུང་མིའི་སྐོར་ལས་ བཤད་མིའི་ནང་ ས་ཆ་དང་འབྲེལ་བའི་ རྩོད་དོན་ཚུ་ ཐོན་པའི་སྐབས་ མཐའ་བཅད་མ་འགྱོ་ཚུན་ཚོད་ རྒེད་འོག་ལྟེ་བའི་ནང་ ལོག་ཅི་ར་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཚོགས་པ་བགྲེསཔ་ སངས་རྒྱས་དབང་ཕྱུག་གིས་འབད་བ་ཅིན་ གཡུས་ཚན་ཚུ་གི་དོན་ལུ་ རྒེད་འོག་གསརཔ་བཟོ་རུང་ མི་རློབས་ལངམ་སྦེ་ཡོད་ཟེར་ཨིན་པས།
རྡོ་རོ་ཁའི་དྲུང་པ་ ཀུན་བཟང་འཕྲིན་ལས་ཀྱིས་ བཤད་མིའི་ནང་ གནད་དོན་དེ་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ཡང་ གསུང་གྲོས་གནང་སྟེ་ འཆར་གཞི་༡༡ པའི་ནང་ གྲོས་ཐག་བཅད་ནི་སྦེ་ བཞག་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲུང་ཁག་གིས་ མི་སེར་གྱི་ གྲོས་འཆར་དེ་ལུ་ སྣང་མེད་སྦེ་ བཞག་བཞགཔ་མེད་ཟེར་ཨིནམ་ད་ རྒེད་འོག་གསརཔ་གཞི་བཙུགས་འབད་ནིའི་དོན་ལུ་ ཁྱད་ཆོས་ཚང་མ་ཚང་ བལྟ་དགོཔ་ལེ་ཤ་འདུག་ཟེར་ཨིན་པས།
དྲུང་པ་གིས་ གཡུས་ཚན་དེ་ཚུ་གི་དོན་ལུ་ འགྲུལ་འཁོར་ལམ་དང་ གློག་མེ་ དེ་ལས་ བརྒྱུད་འབྲེལ་གྱི་ མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ཡོདཔ་ལས་ ཧེ་མ་ རྒེད་འོག་ནང་ ལྷོད་ནི་ལུ་ ཉིནམ་ལས་བཅད་དེ་ ལམ་འགྱོ་དགོཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ དུས་ཡུན་ཆུད་ཚོད་༡ དེ་ཅིག་ཡང་ མི་འགོར་བས་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment