གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤེལ་དཔོན་གྱིས་ ཨར་རྐུན་འབད་བའི་ ཞིབ་དཔྱད་མཇུག་མ་བསྡུ་བར་ཡོདཔ།

༢༦/༩/༢༠༡༢ ཨར་རྐུན་གྱི་ ཅ་ཆས་ཚུ་ ཇོ་བདག་ག་དང་ག་གི་ཨིན་ན་ བདེན་དཔྱད་འབད་མ་ཚུགས་པར་ལུས་ནུག།

༉ ཁྲིམས་སྲུང་འགག་སྡེའི་ སྤེལ་དཔོན་ཅིག་གིས་ ཐིམ་ཕུ་ཁྲོམ་སྡེའི་ནང ཨར་རྐུན་མང་རབས་ཅིག་ འབད་བའི་ཁར་ རང་གི་འབབ་ཁུངས་དང་མ་འཁྲིལ་བའི་ རྒྱུ་དངོས་འཆང་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ དོ་དམ་འོག་ལུ་བཞག་ཡོད་རུང་ ད་ལྟོའི་བར་ན་ཡང་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ཡོད་ཟེར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།


ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤེལ་དཔོན་དེ་གིས་ ཨར་རྐུན་འབད་བའི་ ཅ་ཆས་ ལོག་ཐོབ་མི་ཚུ་ བདེན་དཔྱད་འབད་ནི་ལུ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྤེལ་དཔོན་ལས་ པེན་ཌ་ཡེབ་དང་ ཉི་ཤེལ་དེ་ལས་ འགྲུལ་འཕྲིན་མོ་བཱ་ཡེལ་ཚུ་ ཐོབ་ཡོད་རུང་ ཅ་ཆས་བརླག་སྟོར་ཤོར་བའི་སྐོར་ རྩོད་དོན་ཐོ་བཀོད་འབད་མི་ ཇོ་བདག་ག་ཡང་ མ་ཐོནམ་ལས་ ཇོ་བདག་ག་དང་ག་ར་ཨིན་ན་ ཁོང་གིས་ མི་ཤེས་པས་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ནང་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལྷུན་རྩེ་ལས་ཨིན་མི་ སྤེལ་དཔོན་གྱིས་ སྣུམ་འཁོར་ཀཱར་ཚུ་ བཅག་དཀྲུམས་འབད་དེ་ ཏི་རུ་ཚུ་ ཨར་རྐུན་འབད་ཡོད་པའི་ རྫུན་ཁ་བཟེད་ཡོད་རུང་ སྣུམ་འཁོར་ཚུ་ནང་ལས་ ཨར་རྐུན་ཤོར་བའི་སྐོར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་ ག་ཡང་མ་ཐོན་ཟེར་ཨིན་པས།
སྤེལ་དཔོན་དེ་གིས་ བཀྲིས་ཆོས་རྫོང་ལས་ གསེར་གྱི་སྐེ་འཁོར་ཅིག་ ཨར་རྐུན་འབད་མི་དེ་ རྒྱ་གར་ཀ་ལིམ་སྤོང་ལུ་ ཨམ་སྲུ་ཅིག་ལུ་ བཙོང་ཡོདཔ་སྦེ་ སླབ་མིའི་སྐོར་ལས་རྐྱངམ་གཅིག་མ་གཏོགས་ ཅ་ཆས་གཞན་ཚུ་ ནམ་དང་ག་ཏེ་ལས་ ཨར་རྐུན་འབད་འབདཝ་ཨིན་ན་ ང་བཅས་ཀྱིས་ བདའ་ཟུན་མ་ཚུགས་ཟེར་ ཞིབ་དཔྱད་འབད་མི་ འཐུས་མི་ཅིག་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྤེལ་དཔོན་དེ སྤྱི་ཟླ་༦ པའི་བདུན་ཕྲག་༢ པའི་ནང་ འཛིན་བཟུང་འབད་དེ་ འགག་སྡེའི་དོ་དམ་ནང་ བཞག་ཞིནམ་ལས་ཚུར་ འཐུས་མི་༣ འབད་མི་ ཚོགས་ཆུང་ཅིག་གིས་ སྔོན་འགྲོའི་བརྟག་ཞིབ་ འབད་ཡོདཔ་ཨིན་པས།
དེ་ལས་ ཁོང་༣ གྱིས་ སྔོན་འགྲོའི་བརྟག་དཔྱད་སྙན་ཞུ་ ཕུལ་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གོངམ་༣ འབད་མི་ ཞིབ་དཔྱད་ཚོགས་ཆུང་ཅིག་གིས་ ཞིབ་དཔྱད་མཐིལ་ཕྱིན་ རྐྱབ་ཞིནམ་ལས་ སྤེལ་དཔོན་དེ་ ཐོབ་ལམ་ག་ནི་ཡང་མེད་པར་ གཡོག་ནང་ལས་ བཏོན་བཏང་སྟེ་ སྤྱི་ཟླ་༧ པའི་ནང་ ཁྲོམ་སྡེ་ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ཅི་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཁྲོམ་སྡེ་ཁྲིམས་སྲུང་འགག་སྡེའི་ ཚོགས་ཆུང་ཅིག་གིས་ ཟླཝ་༢ ཀྱི་རིང་ ཉེས་ལས་དང་འབྲེལ་བའི་ ཞིབ་དཔྱད་ཚུ་ རྐྱབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་ནིའི་དོན་ལུ་ སྤེལ་དཔོན་གྱི་ རྩོད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གཏང་ནི་ཨིན་པས།
ངེས་བརྟན་མེད་པའི་ ལོ་རྒྱུས་དང་འཁྲིལཝ་ད་ ལྡེ་མིག་བུ་ཆགས་པ་ཅིག་ཡོད་མི་དང་ ལྕགས་སྐུད་ཚུ་ ལག་ལེན་འཐབ་ཐོག་ལས་ སྣུམ་འཁོར་ཚུ་གི་ སྒོ་ཕྱེ་ནི་ལུ་ ཁྱད་རིག་ཡོད་མི་ སྤེལ་དཔོན་དེ་ལུ་ དངུལ་ཁང་ནང་ ཁོ་རའི་གསོག་འཇོག་རྩིས་ཁྲ་ནང་ མ་དངུལ་ འབོར་ཆེ་ཏོག་ཏོ་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྤེལ་དཔོན་གྱི་ འཚོ་བའི་གནས་སྟངས་བསྒྱུར་བཅོས་སོང་མི་དང་ ཁོ་རའི་འབབ་ཁུངས་དང་མ་འཁྲིལ་བའི་ རྒྱུ་དངོས་ཚུ་ འཆང་སྤྱོད་འབད་མི་ལུ་བརྟེན་ ཁོང་གིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ངེས་པ་མེད་པའི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ སྤེལ་དཔོན་དེ་གིས་ སྣུམ་འཁོར་ཀཱར་ཅིག་ནང་ལས་ དངུལ་ཀྲམ་༢༠,༠༠༠ ཨརཝ་བརྐུ་ནི་གི་ དཔའ་བཅམ་ད་ མིག་མཐོང་ལག་བཟུང་ཐོག་ལས་ བདའ་ཟུན་པའི་ཤུལ་ལུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
སྤེལ་དཔོན་དེ་ལུ་ སྣུམ་འཁོར་ལེནཌ་ཀུ་རུ་ཛར་གཟུགས་ཐུང་སུ་འབད་མི་༡ དང་ ཨཱལ་ཊོ་ཀཱར་ཅིག་ སྣུམ་འཁོར་འཁོར་ལོ་གཉིསམ་ མོ་ཊར་སའི་ཀཱལ་ཅིག་དང་ རྐང་འཁོར་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ

No comments:

Post a Comment