གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་སྒོའི་ནང་ གསོ་བའི་སྨན་པ་མེད་མི་གིས་ མི་སེར་ཚུ་ལུ་དཀའ་ངལ།

༢༢/༩/༢༠༡༢   ༉ སྐྱེས་ལོ་༣༠ ལང་མི་ ཚེ་དབང་(མིང་ངོ་མ་མེན) ཁོ་ར་ ཐབ་ཤིང་འཐུ་བར་འགྱོ་བའི་སྐབས་ལུ་ རྐངམ་གུ་གྱི་ཅུང་གིས་ཕོག་ཡོདཔ་ལས་ རྨ་ཁ་དྲག་ཚུགས་ནི་ལུ་ ཟླཝ་དག་པ་ཅིག་འགོར་ཡོད་མི་ལུ་བརྟེན་ ཁོ་གི་སེམས་ཁར་ མནོ་བསམ་བཏང་དགོཔ་ ཅིག་ལས་བརྒལ་མེད་མི་དེ་ཡང་ ཁོང་གི་གཡུས་སྒོའི་ནང་ གསོ་བའི་ལས་རོགསཔ་ཅིག་ཡོད་པ་ཅིན་ དེ་བཟུམ་མའི་ གློ་བུར་གྱི་སྨན་བཅོས་ཚུ་ དེ་འཕྲོ་ལས་ འབད་ཚུགས་ནི་མས་ཟེར་བའི་བསམ་བཀོད་ཨིན་པས།
གློ་བུར་སྨན་བཅོས་ཞབས་ཏོག་སྤྲོད་ནི་ལུ་ དཀའ་ངལ་བྱུང་མི་ རེ་ས་སྨན་ཁང་།


དེ་ཡང་ མོང་སྒར་རྫོང་ཁག་ རེ་ས་གཡུས་ཚན་ནང་ གཞུང་གིས་ སྨན་ཁང་ཅིག་རྐྱབ་ཡོད་རུང་ ད་རེས་ནངས་པ་ ཁྱིམ་ཐོག་ལས་ ཆརཔ་འཛགས་མི་ལུ་བརྟེན་ གསོ་བའི་སྨན་པ་དེ་ རྒྱལ་པོ་ཞིང་ལུ་སྡོད་དོ་ཡོདཔ་ལས་ མི་སེར་ཚུ་གིས་རེ་བ་ལས་འབད་བ་ཅིན་ གསོ་བའི་ལས་རོགསཔ་དེ་ ས་གནས་རེ་ས་ལུ་ར་སྡོད་པ་ཅིན་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
བསམ་འཆར་འདི་བཟུམ་ བཀོད་དགོ་མི་དེ་ཡང་ གསོ་བའི་སྨན་པ་དེ་ གཡུས་སྒོའི་ནང་མེད་པའི་བསྒང་ལས་ སེམས་ཁར་ཚ་གྱང་ ཐེབས་ཅིག་ར་ལང་དགོཔ་བྱུང་བའི་ཁར་ གཡུས་ཚན་འདི་ནང་ འཁོར་ལམ་མེདཔ་མ་ཚད་ མཐའ་ཟུར་གྱི་ས་གནས་ཅིག་འབད་ནི་དེ་གིས་ གློ་བུར་གྱི་ནདཔ་ཐོན་པའི་སྐབས་ལུ་ དེ་དང་བསྟུན་པའི་ སྨན་བཅོས་འབད་མི་ མིན་འདུག་ཟེར་ཨིནམ་ད་ ལག་ལེན་དེ་ ཡུན་རིངམོ་སྦེ་ར་སྡོད་པ་ཅིན་ ནདཔ་ཚུ་སྨོན་བཅོས་འབད་མི་མེད་པར་ ས་ཁོངས་ནང་ ཤི་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་སྤྲོད་ཐབས་ལུ་ གཞུང་ལས་ གསོ་བའི་ལས་རོགས་པ་ཅིག་ བཏང་ཡོད་རུང་ ཁོ་གིས་ རྒྱལ་པོ་ཞིང་ལུ་སྡོད་དེ་ ཟླཝ་རེ་ནང་ཚར་༡ ལས་བརྒལ་ གཡུས་སྒོའི་ནང་ ལྷོད་མི་ཚུགས་དོ་ཡོདཔ་ལས་ དེ་ལུ་དཀའ་ངལ་ཚུ་ འདུག་ཟེར་ཨིན་པས།
གཡུས་ཚན་དེ་ མཐའ་ཟུར་གྱི་གཡུས་ཚན་ཅིག་འབད་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ རྒེད་འོག་གཞན་མི་ ཚུ་བཟུམ་སྦེ་ སྨན་ཁང་ནང་ འབག་འགྱོ་ནིའི་མཐུན་རྐྱེན་ཚུ་ མིན་འདུག་ཟེར་ཨིནམ་ད་ ས་གནས་ནང་ ད་ལྟོ་ སྣུམ་འཁོར་ལམ་མེད་མི་གིས་སྟབས་མ་བདེཝ་ སྦོམ་ར་བྱུང་དོ་ཡོདཔ་ལས་ གཡུས་སྒོའི་སྨན་ཁང་ ཐག་ཉེ་ཤོས་དེ་ རྒྱལ་པོ་ཞིང་ལུ་ཨིན་མས་ཟེར་ཨིན་པས།
གཡུས་མི་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ གཡུས་ཁའི་མི་སེར་ཚུ་གི་དོན་ལུ་ སྨན་ཁང་དེ་ རྐྱབ་ཡོདཔ་ལས་ དེ་ནང་ གསོ་བའི་ཞབས་ཏོག་སྤྲོད་མི་མེད་པ་ཅིན་ ཁུངས་ཅིག་མིན་འདུག་ཟེར་ཨིནམ་ད་ གཡུས་སྒོའི་ནང་སྡོད་མི་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་དགོ་མི་ཅིག་ཨིནམ་ལས་ ཉིན་བསྟར་བཞིན་དུ་ ལག་ཆས་ སྟྭ་རེས་དང་ ཏོག་ཙེ་ཚུ་ ལག་ལེན་འཐབ་འཐབ་ས་ར་ སྡོད་དགོཔ་ལས་ གློ་བུར་གྱི་རྐྱེན་ངན་ ག་ཅི་བཟུམ་འབྱུང་སྲིད་ནི་ཨིན་ན་ མ་ཤེསཔ་ལས་ གསོ་བའི་ལས་རོགསཔ་དེ་ མེད་ཐབས་མེདཔ་ཅིག་ལུ་གྱུར་ཏེ་ཡོད་ཟེར་ཨིན་པས།
གསོ་བའི་ལས་རོགསཔ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་སེར་ཚུ་གིས་ དཀའ་ངལ་ཡོད་པའི་སྐོར་ལས་ ཁོ་ལུ་ལོ་རྒྱུས་ག་ནི་ཡང་ སླབ་ནི་མིན་འདུག་ཟེར་ཨིནམ་མ་ཚད་ སྨན་ཁང་ནང་ན་ ཆརཔ་འཛག་ནི་དེ་གིས་ མི་སྡོད་བཏུབ་མེདཔ་མ་ཚད་ འཐུང་ཆུའི་དཀའ་ངལ་ཡང་ འདུག་ཟེར་ཨིན་པས།
སྨན་ཁང་དེ་ནང་ སྨན་པ་ཁོ་ར་རྐྱངམ་གཅིག་ འབད་ནི་དེ་གིས་ སྨན་ཁང་ནང་མཁོ་ཆེ་བའི་ ཅ་ཆས་དང་ སྨན་ཚུ་ལེན་པར་ འཕྲལ་འཕྲལ་སྦེ་ར་ འགྱོ་དགོ་མི་ལུ་བརྟེན་ རེ་ས་ལུ་ དུས་རྒྱུན་སྡོད་མ་ཚུགས་རུང་ ཟླཝ་༡ ནང་ བདུན་ཕྲག་༢ དེ་རེ་སྡོད་དེ་ གསོ་བའི་ཞབས་ཏོག་ཚུ་ སྤྲོད་དོ་ཟེར་ཨིན་པས།
ས་གླིང་རྒཔོ་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཡུས་ཚན་དེ་ནང་ སྟབས་མ་བདེཝ་སྦོམ་ཅིག་མེད་རུང་ གློ་བུར་ཚབས་ཆེན་གྱི་ ནདཔ་ཐོནམ་ད་ལུ་ གསོ་བའི་ཞབས་ཏོག་སྤྲོད་ནི་དེ་ གལ་གནད་ཅན་ཅིག་ཨིནམ་ལས་ ད་ལྟོའི་གནས་སྟངས་བཟུམ་ཅིག་འབད་བ་ཅིན་ དཀའ་ངལ་འབྱུང་བཞིན་དུ་ཡོད་ ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ ཁྱིམ་ཐོག་ལྕགས་ཤོག་དེ་ ན་ཧིང་བཀབ་ཡོད་རུང་ ལྕགས་ཤོག་དེ་ རྙིངམ་ཨིནམ་ལས་ ཆརཔ་འཛགསཔ་མས་ཟེར་ཨིནམ་ད་ སང་ཕོད་ལས་ ལྕགས་ཤོག་གསརཔ་བཀབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ས་གླིང་རྒེད་འོག་ རེ་ས་གཡུས་ཚན་དེ་ རྒྱལ་པོ་ཞིང་ཁྲོམ་ལས་ གཞུང་འབྲེལ་ལུ་ ཉིན་ལམ་༡ གི་ས་གནས་ཁར་ཨིནམ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༣༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment