གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་བཤེར་གྱི་དོན་ལས་ རྫོང་ཁག་ཁྲིམས་ འདུན་ལུ་གཏང་ནི།

༢༩/༩/༢༠༡༢   ༉ ཁ་ཙ་ བུམ་ཐང་སྟང་རྒེད་འོག་ སྦས་ཟུར་གཡུས་ཚན་ནང་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ཆ་རོགས་ལུ་ ཏོག་ཙེ་གིས་ བླུགས་བྱིན་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ དོགས་ཅན་དང་ ཉམས་རྒུདཔ་ཕོ་སྐྱེས་༢ གཞན་གྱི་ལཱ་འབད་བར་ སོང་ཡོདཔ་ད་ དེ་བསྒང་ དོགས་ཅན་ཕོ་སྐྱེས་དེ་ ཉིན་མ་ ངལ་འཚོ་སྟེ་ ཉལ་སྡོད་པའི་སྐབས་ ཆ་རོགས་ཚུ་གིས་ དགོད་བྲ་སྦེ་ ས་དང་ རྡོ་རུ་བཀོ་བའི་སྐབས་ རྩིགཔ་བཟའ་སྟེ་ ཏོག་ཙེ་གིས་ ཁོ་རའི་ ཆ་རོགས་ཀྱི་ བྱང་ཁོག་ལུ་ བླུགས་བྱིནམ་ད་ ཉམས་རྒུདཔ་དེ་ དྲན་མེད་འགྱེལ་སོཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཉམས་རྒུདཔ་དེ་ དབང་འདུས་ཆོས་གླིང་ སྨན་ཁང་བརྒྱུད་དེ་ ཀྲོང་གསར་སྨན་ཁང་ནང་ བརྟག་དཔྱད་འབདཝ་ད་ རྩི་སྒྲོ་༢ མེདཔ་བཏང་ཡོད་པའི་ ངོས་འཛིན་བྱུང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས ནང་འགྲིག་འབད་ནི་གི་ འཆར་གཞི་ཡོད་རུང་ ཉམས་རྒུད་པའི་ ཨ་ཞེམོ་གིས་ ཉན་མ་བཏུབ་ལས་ རྩོད་བཤེར་གྱི་དོན་ལས་ རྫོང་ཁག་ཁྲིམས་འདུན་ལུ་ གཏང་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་པའི་གནས་ཚུལ།


བུམ་ཐང་ལས་ བཀྲིས་བསྟན་འཛིན།

No comments:

Post a Comment