གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲི་མངའ་གསོལ་གྱི་ མདའ་རྩེད་འགྲན་བསྡུར་འགོ་བཙུགས་ཡོདཔ།

༢༢/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ མདའ་རྩེད་ཐང་ནང་སྦེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་དེ་ འགོ་བཙུགས་ཡོདཔ་བཞིན་དུ་ འགོ་བཙུགས་ཀྱི་ཉིན་མར་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ཅིག་གིས་ བཀག་རེག་ཕོག་པའི་དགའ་ཚོར་ལུ་ ངར་སྐད་རྐྱབ་པའི་བསྒང་།


དེ་ཡང་ ལྟག་གི་འབའ་སྐྱོར་ཐང་ནང་ ཁྲིམས་སྲུང་འགག་སྡེའི་འགོ་དཔོན་སྡེ་ཚན་དང་ འབྲུག་གློག་མེ་ལས་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་  ཁྲིམས་སྲུང་འགག་སྡེའི་འགོ་དཔོན་སྡེ་ཚན་གྱིས་ སྐུགས་གཅིག་ཆོད་ཡོད་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་ཆོད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ཁྲིམས་སྲུང་འགག་སྡེའི་འགོ་དཔོན་སྡེ་ཚན་གྱིས་ སྐོར་ཐེངས་༡༠ པའི་ནང་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོད་པའི་སྐབས་ སྡེ་ཚན་གཞན་མི་གིས་ སྐུགས་༡༥ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ སྐུགས་གཉིས་པའི་དོན་ལུ་ རྩེད་འགྲན་འཕྲོ་མཐུད་འབད་དེ་ དུས་ཡུན་ཚང་བའི་སྐབས་ ཁྲིམས་སྲུང་འགག་སྡེའི་འགོ་དཔོན་སྡེ་ཚན་གྱིས་ སྐུགས་༡༢ ཐོབ་ཡོདཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༤ ལས་བརྒལ་ ཐོབ་མ་ཚུགས་པས།
དེ་བཟུམ་སྦེ་ འོག་གི་འབའ་སྐྱོར་ནང་ ཕྱོགས་ལས་རྣམ་རྒྱལ་དང་ ལྷ་ཆོས་བཅུ་གཅིག་སྡེ་ཚན་ གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྡེ་ཚན་༢ པོ་ཆ་ར་གིས་ སྐུགས་རེ་རེ་ འདྲན་འདྲ་ཆོད་དཔ་ལས་ སྡེ་ཚན་གཉིས་ཡང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ད་རིས་འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
ཕྱོགས་ལས་རྣམ་རྒྱལ་སྡེ་ཚན་གྱིས་ སྐོར་ཐེངས་༡༠ པའི་ནང་སྐུགས་ཆོདཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༢༢ ལུ་ལྷོད་ཡོདཔ་ད་ སྐུགས་གཉིས་པའི་དོན་ལུ་འཕྲོ་མཐུད་རྩེད་འགྲན་འབད་དེ་ དུས་ཡུན་ཚང་བའི་སྐབས་ལུ་ ལྷ་ཆོས་བཅུ་གཅིག་སྡེ་ཚན་གྱིས་ དོ་འགྲན་སྦོམ་འབད་དེ་ རྩེད་འགྲན་འབད་མི་ལུ་བརྟེན་ སྐུགས་ཆོད་ཚུགས་ཡོདཔ་ལས་ སྡེ་ཚན་དེ་གིས་སྐུགས་ཆོད་པའི་སྐབས་ལུ་ གཞན་མི་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས།
སྡེ་ཚན་གཉིས་ཀྱི་བར་ན་རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
དྲོ་པའི་སྐུགས་དང་པམ་ཆོད་མི་ ཕྱོགས་ལས་རྣམ་རྒྱལ་སྡེ་ཚན་གྱིས་ སྐོར་ཐེངས་༡༠ པའི་ནང་ སྐུགས་ཆོད་ནི་ལུ་ དོ་འགྲན་སྦོམ་ར་འབད་དགོཔ་ བྱུང་ཡོད་རུང་ ཕྱི་རུའི་ཆུ་ཚོད་༥ ཚང་བའི་སྐབས་ ལྷ་ཆོས་བཅུ་གཅིག་སྡེ་ཚན་གྱིས་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོད་པའི་སྐབས་ལུ་ གཞན་མི་སྡེ་ཚན་གྱིས་ དྲོ་པ་བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་འབད་དོ་བཟུམ་ཅིག་ར་ འབད་མ་ཚུགསཔ་ཨིན་པས། 
ཕྱི་རྒྱལ་མདའ་གཞའི་ཐོག་ལས་ དུས་ཅི་ལོའི་ ཁྲི་མངའ་གསོལ་གྱི་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༣༠ ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༡༠,༠༠༠ རེ་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༡༡ ཚེས་༡ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དྲག་ཤོས་འཐོན་མི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་དང་རྟགས་མ་ཚུ་ཡང་ སེམས་ཤོར་སི་སི་སྦེ་ བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ ཉིནམ་གཅིག་ལུ་ བཀག་རེག་མཐོ་ཤོས་ཕོག་མི་དང་ དོ་སྦྱེལ་མཐོ་ཤོས་ རྩེད་འགྲན་འགོ་བཙུགས་པའི་ཉིནམ་ལས་ མཐའ་བཅད་འོག་མ་ཚུན་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ཚུ་ བྱིན་ནི་ཨིན་པས།
ནངས་པ་ སྡེ་ཚན་ཀ་པ་ལས་ ཀོ་དྲེ་དང་ ལྷུན་རྩེ་ཆ་རོགས་སྡེ་ཚན་གཉིས་ཀྱི་བར་ན་ ནོག་ཨའུཊ་རྩེད་འགྲན་འབད་ནི་དང་ སྡེ་ཚན་ ཁ་པའི་ནང་ལས་ ལུང་བསྟན་བཅོ་ལྔ་༡༡ དང་ ཤེར་ཀཱོལ་༢༠༠༠ གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment