གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་རྫོང་ཁག་༤ ནང་ གློག་མེ་ནམ་བཅོ་ཚུགས་ནི་ཨིན་ན་ ངེས་གཏན་མེདཔ།

༢༩/༩/༢༠༡༢   ད་རུང་ མོང་སྒར་རྫོང་ཁག་གི་ རྒེད་འོག་༥ ནང་ འགྲུལ་འཕྲིན་གྱི་ ཡོངས་འབྲེལ་རྒྱུན་ལམ་ཚུ་ཡང་ མེདཔ་ཐལ་ཡོདཔ།
༉ སྤྱི་ཟླ་༩ པའི་ཚེས་༢༥ གི་ དྲོ་པའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ ཤར་ཕྱོགས་མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་རྫོང་ཁག་༤ ནང་ གློག་མེ་མེདཔ་ཐལ་ཏེ་ ཉིན་གྲངས་༤ ལང་སོ་རུང་ ད་ལྟོའི་བར་ན་ཡང་ ལོག་བཅོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མོང་སྒར་ལུ་ གློག་མེ་མེད་མི་ལུ་བརྟེན་ ས་སྣུམ་བཀྲམ་སྤེལ་ཁང་ནང་ གྱིབ་དོབ་ལག་ལེན་འཐབ་སྟེ་ སྣུམ་འཁོར་ནང་
མར་ཁུ་བླུགས་པའི་བསྒང་།


མོང་སྒར་རྒྱལ་པོའི་ཞིང་ གློག་རྒྱུན་ཉམས་བཅོས་སྡེ་ཕྲན་ལས་ བཟོ་རིག་འགོ་དཔོན་ འཇིགས་མེད་སེངྒེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གློག་རྒྱུན་དེ་ པདྨ་དགའ་ཚལ་རྫོང་ཁག་ གཡུ་རུང་དང་ ཤུ་མར་རྒེད་འོག་གི་བར་ན་ གློག་ཐག་ཀཝ་ཨང་༧༥ དང་༧༦ གི་བར་ན་ མེདཔ་ཐལ་ཡོདཔ་ལས་ ད་ལྟོ་ ས་ཁོངས་དེ་ནང་ རྒྱལ་པོའི་ཞིང་དང་ པདྨ་དགའ་ཚལ་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་༣༠ དེ་ཅིག་གིས་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ འབད་བ་ཅིན་ གློག་མེའི་བརྒྱུད་ཆས་ ཀཱན་ཌག་ཊར་དེ་ འགོ་ཐོག་གློག་ཐག་སྤྲིངས་པའི་སྐབས་ལུ་ ལེགས་ཤོམ་སྦེ་ མ་སྤྲིངས་ནི་དེ་གིས་ མེདཔ་ཐལ་ཐལཝ་བཟུམ་འདུག་ཟེར་ཨིནམ་ད་ གློག་མེ་ཉམས་བཅོས་ཀྱི་ ལཱ་འབད་ནི་ལུ་ གདོང་ལེན་སྦོམ་ཡོད་མི་དེ་ཡང་ ས་ཁོངས་དེ་ བྱག་གཟར་དྲགས་ཡོད་པའི་ཁར་ ལྗིད་ཚད་ཀེ་ཇི་༡༢༠ འབད་མི་ བརྒྱུད་ཆས་དེ་ མི་ཚུ་གིས་འབག་ཐོག་ལས་ ཆུ་སྦོམ་ཅིག་ཡོད་མི་དེ་ ལན་ཐེངས་༤ དེ་ཅིག་ བརྒལ་འགྱོ་དགོ་ནི་དེ་གིས་ ཨིན་ཟེར་ ལས་བྱེདཔ་ཚུ་གིས་ སླབ་ཨིན་པས།
གློག་མེ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ གློག་མེ་བཀྲམ་སྤེལ་ ག་དེ་མགྱོགས་མགྱོགས་འབད་ཐབས་ལུ་ ལཱ་ག་དེམ་ཅིག་ རྩ་འགེངས་ཏེ་འབད་རུང་ གློག་ཐག་སྤྲིང་ནིའི་དོན་ལུ་ བྱག་འདྲོག་སི་སི་དང་ ས་གོ་དོག་དྲགས་ཡོད་མི་ལུ་བརྟེན་ སྟབས་མ་བདེཝ་སྦོམ་འདུག་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་༤ འི་ནང་ གློག་མེ་མེདཔ་ཐལ་ཞིནམ་ལས་ཚུར་ མི་མང་གི་ ཞབས་ཏོག་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱིས་ གནས་སྐབས་ཅིག་ དཀའ་ངལ་སེལ་ཐབས་ལུ་ སྤྱི་ཟླ་༩ པའི་ཚེས་༢༥ གི་ ཕྱི་རུ་ཁམས་ཅིག་ལས་ གློག་མེ་བཀྲམ་སྤེལ་འབད་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ལས་བརྒལ་བྱིན་ནི་མེདཔ་ལས་ མི་ཚུ་གིས་ རང་སོའི་ཁྱིམ་ནང་ སྤྱ་རྩི་པེམ་འབར་བཏེགས་དོ་ཡོདཔ་ཨིན་པས།
ད་རུང་ གློག་མེའི་དཀའ་ངལ་ལུ་བརྟེན་ མི་སྡེའི་ཞབས་ཏོག་ དངུལ་བཏོན་འཕྲུས་ཆས་ ཨེ་ཊི་ཨེམ་ ལག་ལེན་འཐབ་མི་བཏུབ་པའི་ཁར་ ས་སྣུམ་བླུག་ནི་དང་ སློབ་ཕྲུག་ཚུ་ ལོ་འཁོར་གྱི་ ཆོས་རྒྱུགས་རྐྱབ་ནིའི་ གྲ་སྒྲིག་འབད་ནི་ལུ་ཡང་ བར་ཆད་རྐྱབ་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༢༧ གྱི་ ཉིན་མ་ལས་ མོང་སྒར་ཡ་ལྡི་དང་ སྐྱེངས་མཁར་ སི་ལམ་སྦིས་ ནང་སྐོར་ ཆ་གླིང་རྒེད་འོག་ཚུ་ནང་ འབྲུག་བརྒྱུད་འཕྲིན་གྱི་ འགྲུལ་འཕྲིན་རྒྱུན་ལམ་ཚུ་ཡང་ མེདཔ་ཐལ་ཡོདཔ་ཨིན་པས།
དེ་གི་ནང་དོན་ཉིད་ལས་ འགྲུལ་འཕྲིན་གྱི་ རྒྱུན་ལམ་གཙོ་བོ་ དགྲ་མེད་རྩེ་ལུ་ཡོད་མི་དེ་ མེདཔ་ཐལ་ཡོདཔ་ལས་ འདི་བཅོ་ནི་གི་དོན་ལུ་ ས་ཁོངས་དེ་ནང་ བཀྲིས་སྒང་འབྲུག་བརྒྱུད་འཕྲིན་གྱི་ ལས་བྱེདཔ་ཚུ་ སྤྱི་ཟླ་༩ པའི་ཚེས་༢༧ གྱི་ཕྱི་རུ་ གློག་འཕྲུལ་ཇ་ན་རེ་ཊར་ཅིག་འབག་སྟེ་ འགྲུལ་འཕྲིན་ཡོངས་འབྲེལ་ཀཝ་ཡོད་སར་ སོང་ཡི་ཟེར་ མོང་སྒར་འབྲུག་བརྒྱུན་འཕྲིན་ཡིག་ཚང་ལས་ འཛིན་སྐྱོང་འགོ་དཔོན་ བཀྲིས་ནོར་བུ་གིས་ སླབ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment