གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་གིས་ ག་གར་གཡུས་ཚན་ནང་ ད་ཚུན་ སྒོ་ནོར་༢༠ དེ་ཅིག་བསད་ཡོདཔ།

༡/༡༠/༢༠༡༢    ༉ ད་རུང་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ ག་གར་གཡུས་ཚན་ནང་ གཅན་གཟན་སྟག་གིས་ གླང་༡ བསད་མི་དེ་རྩིསཝ་ད་ ད་ཚུན་གྱི་རིང་ གཡུས་ཚན་དེ་ནང་ བསྡོམས་ཀྱིས་སྒོ་ནོར་༢༠ དེ་ཅིག་ བསད་ཡོདཔ་ཨིན་པས།


དཀར་གཞོང་ལྗོངས་ཐང་སྤྱི་འོག་གི་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྟག་དེ་གིས་ འཕྲལ་ཁམས་ཅིག་ཁར་ རྡོ་གཞོང་དགོན་པའི་ས་ཁོངས་ནང་ གནོདཔ་བཀལཝ་མ་ཚད་ དེ་གི་ཧེ་མར་ ག་གར་གཡུས་ཚན་ནང་ མ་ཆད་པར་ སྒོ་ནོར་སེམས་ཅན་ཚུ་ བསད་ཡི་ཟེར་ཨིན་པས།
ད་རེས་གླང་དེ་ སྤྱི་ཟླ་༩ པའི་ཚེས་༢༦ གི་ཕྱི་རུ་ ཇོ་བདག་གི་ ཁྱིམ་གྱི་ཉེ་འདབས་ལུ་ བསད་ཡོདཔ་ད་ ག་གར་གཡུས་ཚན་ནང་ཡང་ སྒོ་ནོར་སེམས་ཅན་ཚུ་ ཕྱི་རུ་ ཐགཔ་མ་བཏགས་པར་ བཞག་སྲོལ་ཡོདཔ་ཨིན་པས།
ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ནགས་ཚལ་འགོ་དཔོན་ཚུ་འོང་སྟེ་ ཞིབ་དཔྱད་འབད་ཞིནམ་ལས་ ཐོ་བཀོད་འབད་རུང་ ད་ཚུན་ ཇོ་བདག་༡༠ དེ་ཅིག་ལུ་རྐྱངམ་གཅིག་ རྒུད་འཐུས་ཚུ་ སྤྲོད་དེ་ཡོད་ཟེར་ཨིན་པས།
ག་གར་གཡུས་ཚན་དེ་ ཀྲོང་གསར་ལས་ ཉིན་ལམ་༢ དེ་ཅིག་ རྐང་སྟོང་འགྱོ་དགོཔ་ཨིན་པས།
ཨིན་རུང་ རྡོ་གཞོང་དགོན་པ་ལུ་ཡོད་མི་ ནགས་ཚལ་འགོ་དཔོན་ཚུ་གིས་ གཅན་གཟན་སྟག་དེ་ ཧིང་བཀལ་བཞག་མིའི་ནང་ ཚུད་ནི་གི་དོན་ལུ་ ལྟ་རྟོག་འབད་དེ་ར་ ཡོདཔ་ཨིན་རུང་ སྟག་དེ་གིས་ གཡུས་ཚན་གཞན་ཁར་ གནོདཔ་བཀལ་དོ་ཡོད་པའི་ དོགས་པ་ཡོད་ཟེར་ སླབ་ཨིན་པས།
ག་གར་གཡུས་ཚན་ནང་ ཧེ་མ་ལས་ སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ལས་ བརྒྱ་འཁོར་གླིང་ཁ་གིས་ ནགས་ཚལ་ཚུ་ནང་ པར་ཆས་ཚུ་ བཙུགས་བཞག་སྟེ་ཡོད་རུང་ ད་ཚུན་ ལོ་རྒྱུས་ག་ནི་ཡང་ མ་གོ་བར་ཡོདཔ་ཨིན་པས།
རྡོ་གཞོང་དགོན་པའི་ ཚོགས་པ་གིས་ ས་གནས་ནའུ་ཀི་ལོ་ལུ་ ཧིང་བཀལ་བཞག་པའི་ཤུལ་ལས་ རྐང་རྗེས་གསརཔ་མཐོང་ཡོད་རུང་ ད་རེས་སྐབས་ཅིག་ ས་ཁོངས་ནང་ ལོག་སྟེ་ མ་འོང་པས་ཟེར་ སླབ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment