གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིག་ཆ་རྫུས་མ་བཟོ་མི་ ཁག་འབགཔ་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༢༡/༩/༢༠༡༢   ༉ ཡིག་ཆ་རྫུས་མ་བཟོ་མི ཁག་འབགཔ་ཅིག་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༢ དང་ཟླ་༦ བཀལ་མི་ལུ་ བཙོན་འཐུས་བཏབ་ཆོགཔ་ཨིན་རུང་ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་དང་པ་གིས་ བསྒྱུར་བཅོས་ཐོག་ བཙོན་ཁྲིམས་ལོ་༣ སྨིན་དགོ་པའི་འཁྲུན་ཆོད་བཏོན་གནང་ཡི།


དེ་ཡང་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་སྒང་ཁ་ལས་ ཁག་འབགཔ་ རྡོ་ཕུག་འབྲུག་པ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ བསྟར་སྤྱོད་འབད་ཡོདཔ་ལས་ ཐིམ་ཕུ་རྫོང་ཁག་གི་ ཁྲིམས་འདུན་ལུ་ ཉེས་འཛུགས་འབདཝ་བཞིན་དུ་ འཁྲུན་ཆོད་བཏོན་གནང་མི་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་འགོ་དཔོན་གྱིས་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དེ་ཡང་ དོགས་ཟོན་ཅན་ རྡོ་ཕུག་འབྲུག་པ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ལས་ སྔོན་བྱིན་མ་དངུལ་ ལག་ལེན་འཐབ་ཡོད་པའི་ ཁས་ལེན་འབད་ཡོདཔ་བཞིན་དུ་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་རུང་ ཉེས་ཕྲའི་བཙོན་ཁྲིམས་ལོ་༢ དང་ཟླ་༦ སྨིན་དགོཔ་སྦེ་ཨིན་པས།
ངོ་ཚབ་འགོ་དཔོན་གྱིས་ ཉེས་ཕྲའི་བཙོན་ཁྲིམས་སྨིན་དགོཔ་མ་གཏོགས་ བཙོན་འཐུས་བཏབ་མ་ཆོགཔ་ཨིན་རུང་ མཐོ་མའི་ཁྲིམས་འདུན་གྱིས་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་བཏོན་གནང་མི་ལུ་བརྟེན་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དེ་ཡང་ རྩོད་ཟླ་རྡོ་ཕུག་འབྲུག་པ་གིས་ ཁོ་རའི་ རྡོ་ཕུག་འབྲུག་པ་ཁག་འབག་གི་ མིང་ཐོག་ལུ་མིན་པར་ རྡོ་ཕུག་ཁག་འབག་གི་ མིང་ཐོག་ལུ་ ཡིག་ཆ་རྫུས་མ་བཟོ་སྟེ་ བཟོ་རིག་སྡེ་ཚན་གྱི་ བཀོད་ཁྱབ་འགོ་དཔོན་ལུ་སྤྲོད་དེ་ སྔོན་བྱིན་མ་དངུལ་ ལེན་འབག་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པའི་གཙོ་འཛིན་གྱི་ སྡོད་ཁྱིམ་བཟོ་སྐྲུན་དོན་ལུ་ དངུལ་ཀྲམ་༡༡,༧༠,༠༡༧.༤༧ དང་ ཆུ་ཁ་རྫོང་ཁག་ནང་ འགག་སྡེའི་བཟའ་ཚང་གི་ སྡོད་ཁྱིམ་བཟོ་སྐྲུན་དོན་ལུ་ དངུལ་ཀྲམ་༡༡,༧༥,༡༤༣.༣༩ ལེན་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ རྩི་རང་འགྲམ་ཕུག་ལུ་ འགག་སྡེའི་བཟའ་ཚང་གི་ སྡོད་ཁྱིམ་བཟོ་སྐྲུན་དོན་ལུ་ དངུལ་ཀྲམ་༢༥,༩༨,༠༤༡.༩༣ བཅས་ ཡོངས་བསྡོམས་དངུལ་ཀྲམ་༤༩,༤༣,༢༠༢.༧༩ དེ་ ལཱ་འབད་བཤུལ་དང་ བཟོ་སྐྲུན་གྱི་ཅ་ཆས་བཅས་ཀྱི་ ཟད་འགྲོ་དེ་ སྔོན་བྱིན་མ་དངུལ་ཐོག་ལས་ ཕབ་ཆ་འབད་དེ་ ཁྱད་པར་དངུལ་ཀྲམ་༤༤,༨,༢༠༢.༧༩ ཐོན་མི་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྤྲོད་དགོཔ་སྦེ་ ཁྲིམས་འདུན་ལས་ བཀའ་རྒྱ་གནང་མི་དེ་ལུ་ ཁེ་རྒུད་མ་བཏུབ་ཨིན་པས།
ལྷག་པར་དུ་ རྩོད་ཟླ་གིས་ ཁྲིམས་སྲུང་འགག་སྡེའི་ལཱ་ཁག་༣ པའི་ འགན་ལེན་ཡིག་ཆ་ རྫུས་མ་བཟོ་སྟེ་ དངུལ་ཀྲམ་༨༩,༩༠,༠༠༠ སོར་ཆུད་དགོངས་ཡངས་གནང་མི་དང་ ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་བཞིན་ འབྲུག་གཞུང་གི་ གོང་ཚད་རིན་བསྡུར་ ཡང་བསྐྱར་འབད་བའི་འགྲོ་སོང་དེ་ རྩོད་ཟླ་གིས་ འགག་སྡེ་ལུ་ སྤྲོད་དགོ་པའི་སྐོར་ ཆེ་མཐོ་ཁྲིམས་འདུན་ལུ་ཞུ་ནུག།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ལས་ དབྱེ་བཤེར་མཛད་པའི་སྐབས་ ཉེས་འགེལ་ཁྲིམས་དེབ་ལྟར་ ཉེས་ལས་ལུ་བརྟེན་ཏེ་ ཁྲིམས་ཚད་གྲུབ་པའི་རྩོད་ཟླ་ལུ་ ཁྲིམས་འདུན་ལས་ རྒྱུ་དངོས་གང་ཞིག་སོར་ཆུད་དམ་ གསར་བཅོས་འབད་ཐབས་བྲལ་བའི་ཁར་ གནོད་འགེལ་དེ་ལས་གྲུབ་པའི་ ཁེ་ཕན་གང་ཞིག་ བཙན་བཟུང་འབད་དགོཔ་ལས་ རྩ་ཕན་གྱི་བར་ན་ གཅིག་གིས་གཅིག་ལས་ ཐོབ་ལམ་རྩིས་མ་ཆོག་པར་ཡོདཔ་ལས་ རང་འཇགས་བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྩོད་ཟླ་རྡོ་ཕུག་འབྲུག་པ་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་གྱི་སྡོད་ཁྱིམ་དང་ སྣུམ་འཁོར་བཞག་ས་ དེ་ལས་ ཁྲིམས་སྲུང་འགག་པའི་ བཟའ་ཚང་གི་ སྡོད་ཁྱིམ་རྐྱབ་ནིའི་ ཁག་འབགཔ་ལཱ་ རྩི་རང་དང་ བཀྲིས་དགའ་ཚལ་ལུ་ འཐོབ་དོན་ལུ་དམིགས་ཏེ་ གཡོ་སྒྱུའི་ཐོག་ལས་ ཡིག་ཆ་ལེ་ཤ་ཅིག་ རྫུས་མ་བཟོ་སྟེ་ ཚུལ་མིན་གྱི་ཐོག་ལས་ ལཱ་ཐོབ་མི་དེ་ ངེས་བདེན་བྱུང་ནུག།
དེ་འབདཝ་ལས་བརྟེན་ ཐོག་མའི་ཁྲིམས་འདུན་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་བཞིན་ ཉེས་འཛུགས་རེ་ལུ་ ཉེས་ཕྲའི་བཙོན་ཁྲིམས་ལོ་༢ དང་ཟླ་༦ རེ་སྨིན་མི་དེ་ འབྲུག་གི་གཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་ལྟར་ བཙོན་ཁྲིམས་བཏབ་གཅིག་ཁར་སྦེ་ བསྡོམས་ཀྱིས་ བཙོན་ཁྲིམས་ལོ་༢ དང་ཟླ་༦ སྨིན་མི་དེ་ བཙོན་འཐུས་བཏབ་ཆོག་པའི་ གནང་བ་གྲོལ་རུང་ ཆེ་མཐོ་ཁྲིམས་ཁྲི་དང་པ་ལས་ ཟླ་ངོ་༦ བཀོད་དེ་ བཙོན་ཁྲིམས་ལོ་༣ སྨིན་དགོཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ རྩོད་ཟླ་རྡོ་ཕུག་འབྲུག་པ་གིས་ ཁག་འབག་གི་ ཆོག་ཐམ་ལག་ཁྱེར་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ འབྲུག་རྒྱལ་ཁབ་ནང་ ཚོང་འབྲེལ་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་དེ་ ལག་ལེན་འཐབ་མ་ཆོགཔ་ད་ ལག་ཁྱེར་དེ་ ཆ་མེད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་མིའི་གུ་ གཞི་བཞག་ཐོག་ལས་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment