གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་བུཚ་༢ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༡༣/༩/༢༠༡༢    ༉ དབང་འདུས་ཕོ་བྲང་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༩ པའི་ཚེས་༡༠ དང་༡༡ ལུ་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ སྐྱེས་ལོ་༡༦ ལང་མི་ བཅོ་ལྔ་ཟླ་བ་ལུ་ བཙོན་ཁྲིམས་ལོ་༤ དང་ ཟླཝ་༡༠ བཀལ་ཡོདཔ་མ་ཚད་ སྐྱེས་ལོ་༡༣ ལང་མི་ ཕུར་པ་དབང་ཕྱུག་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༡༠ བཀལ་ཡོདཔ་ཨིན་པས།


མ་གཞི་ བཅོ་ལྔ་ཟླ་བ་ལུ་ བཙོན་ཁྲིམས་ལོ་༩ དང་ཟླཝ་༨ ཕོག་ནི་ཨིན་པའི་ཁར་ ཕུར་པ་དབང་ཕྱུག་ལུ་ ལོ་༥ དང་ཟླཝ་༨ སྨིན་དགོཔ་ཨིན་རུང་ ཁོང་༢ ཆ་ར་ སྐྱེས་ལོ་༡༨ མ་ལང་ནི་དེ་གིས་ ཉེས་པ་ཡང་ཕྲ་བཀལ་ནིའི་དོན་ལུ་ ཉེས་ཁྲིམས་ཕྱེད་ཀ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལ་བ་ཅིན་ བཅོ་ལྔ་ཟླ་བ་དེ་ ཕམ་ཡ་བྲེལ་སོང་བའི་ ཨ་ལུ་ཅིག་ཨིནམ་ལས་ ཀུན་སྤྱོད་བསྐྱར་གསོ་འབད་ནི་དང་ ལེགས་བཅོས་འབད་ནིའི་དོན་ལུ་ ཆུ་ཁ་ རྩི་མ་གཤམ་ལུ་ཡོད་པའི་ ན་གཞོན་ལམ་བཟང་ལྟེ་བ་ནང་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ འགྱོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
བཅོ་ལྔ་ཟླ་བ་གིས་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ དབང་འདུས་བ་འཇོ་ཁྲོམ་ཁར་ ཁྱིམ་ཅིག་གི་ སྒོ་བཅག་དཀྲུམ་ཐོག་ལས་ དངུལ་ཀྲམ་༧༠༠ ཨར་རྐུན་འབད་བའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་པས།
དེ་མ་ཚད་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡ གྱི་ནུབ་མོར་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མིའི་ སློབ་དཔོན་ཅིག་ལུ་ ཤ་སྐམ་འབར་རྫས་ཟེར་མི་ རྫས་བམ་ཅིག་ གས་བཏང་པའི་ཁར་ ཉེན་བརྡའི་ཡིག་གུ་༣ སྦྱར་ཐོག་ལས་ སློབ་དཔོན་དེ་ འདྲོག་འཇིགས་འཐབ་བཅུག་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་པས།
དེ་ལས་ ཕུར་པ་དབང་ཕྱུག་གིས་ བཅོ་ལྔ་ཟླ་བ་དང་གཅིག་ཁར་ ཁྱིམ་ཅིག་གི་ སྒོ་བཅག་དཀྲུམ་ཐོག་ལས་ དངུལ་ཀྲམ་༧༠༠ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་ཡོད་པའི་ཁར་ ན་ཧིང་ སྤྱི་༩ པའི་ཚེས་༥ ལུ་ཡང་ བ་འཇོ་ཁྲོམ་ལས་ དངུལ་ཀྲམ་༣༥,༠༠༠ ཨར་རྐུན་འབད་མིའི་ ཉེས་འཛུགས་ལུ་བརྟེན་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཁོ་ལུ་ ཁྲིམས་འཐུས་བཏབ་ནི་གི་ གོ་སྐབས་གནང་ཡོདཔ་ད་ གལ་སྲིད་ ཁྲིམས་འཐུས་དེ་ འཁྲུན་ཆོད་བཏོན་པའི་ ཉིནམ་༡༠ གྱི་ནང་འཁོད་ལུ་ བཏབ་མ་ཚུགས་པ་ཅིན་ རྩི་མ་གཤམ་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment