གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཡུན་ཐུང་ཀུ་ཅིག་ནང་ ཤིང་གི་ལྕངམ་ མཐོ་ཤོས་བཙུགས་ནིའི་དམིགས་གཏད།

༡༣/༩/༢༠༡༢    ༉ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ ལ་དྭགས་ཀྱི་ ཧེ་མིས་དགོན་པ་ལུ་སྦེ་ དོན་བརྒྱུད་དཔལ་འབྲུག་པ་བཀའ་བརྒྱུད་པའི་ ལོ་འཁོར་ཚོགས་ཆེན་ འཚོགས་པའི་སྐབས་ འཛམ་གླིང་ནང་ ད་རུང་ ཤིང་གི་ལྕངམ་གི་གྱངས་ཁ་ མཐོ་ཤོས་བཙུགས་པའི་ ཐོ་ཡིག་ནང་ཚུད་ནི་གི་ དམིགས་གཏད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ལ་དྭགས་ཀྱིས་ཤིང་གི་ལྕངམ་བཙུགས་པའི་བསྒང་གི་ མཐོང་སྣང་།


ད་ལྟོ་ དུས་ཡུན་སྐར་མ་༡༥ ནང་ མི་གྲངས་༨,༠༠༠ དེ་ཅིག་གིས་ ཤིང་གི་ལྕངམ་༦༤,༠༠༠ ལྷགཔ་ཅིག་ བཙུགས་ཡོད་མི་དེ་ འཛིམ་གླིང་ནང་ ཡོངས་གྲགས་ཅན་གྱི་ གནས་ཐོ་ནང་ཚུད་ཡོདཔ་ཨིན་པས།
 རིན་པོ་ཆེ་མཆོག་གིས་ དེ་བ་ལྷག་པའི་ ཤིང་གི་ལྕངམ་ཚུ་ བཙུགས་ནི་གི་ ཐུགས་བཞེད་ཡོདཔ་ཨིན་པས།
རྒྱལ་དབང་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༠ ཟླ་༡༠ པའི་ཚེས་༡༠ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ལ་དྭགས་ལུ་ མི་གྲངས་༩,༠༠༠ ལྷགཔ་ཅིག་ ལག་ལེན་འཐབ་ཐོག་ལས་ དུས་ཡུན་སྐར་མ་༣༣ དང་ སྐར་ཆ་༢༥ གི་ ནང་འཁོད་ལུ་ ཤིང་གི་ལྕངམ་༥༣,༠༠༠ ལྷགཔ་ཅིག་ བཙུགས་ཡོདཔ་ཨིན་་པས།
ན་ཧིང་ ཕི་ལི་པིནསི་ལས་ རང་བཞིན་སྲུང་སྐྱོབ་ལུ་བརྩོན་མི་ སྡེ་ཚན་ཅིག་གིས་ དུས་ཡུན་སྐར་མ་༡༥ ནང་ མི་གྲངས་༨,༠༠༠ ལྷགཔ་ཅིག་གིས་ ཤིང་གི་ལྕངམ་༦༤,༠༠༠ ལྷགཔ་ཅིག་ བཙུགས་མི་ལུ་བརྟེན་ རིན་པོ་ཆེ་མཆོག་དང་ཕྱདཔ་ད་ ཡ་མཚན་དངོས་བྱུང་ཅིག་ཨིནམ་ལས་ འཛམ་གླིང་གི་གནས་ཐོ་ནང་ མིང་གཏམ་ཐོན་ཡོདཔ་ཨིན་པས།
རིན་པོ་ཆེ་མཆོག་གིས་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་ནི་ལུ་ ཐུགས་བརྩོན་བཞེས་མི་དེ་ཡང་ ལ་དྭགས་ཀྱི་ས་གནས་དེ་ ནགས་ཚལ་མེད་པའི་ ས་ཁ་མཐོ་ས་ཅིག་ཨིནམ་ལས་ ས་རུད་དང་ ཆུ་རུད་ཀྱི་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ རིན་པོ་ཆེ་མཆོག་གིས་ ས་ཁོངས་དེ་ནང་ སྐྱེ་བཏུབ་མི་ ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་ཐོག་ལས་ ནགས་ཤིང་ལྡན་པའི་ ས་ཁོངས་ཅིག་ལུ་ བཟོ་ནིའི་དོན་ལས་ཨིན་པས།
ཤིང་གི་ལྕངམ་ བཙུགས་ནིའི་ལས་རིམ་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༢༦ ལས་ སྤྱི་ཟླ་༡༡ པའ་ིཚེས་༢ ཚུན་ དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་ ལོ་འཁོར་ཚོགས་ཆེན་སྐབས་ ཉིན་བསྟར་གྱི་ ལས་རིམ་གྲངས་སུ་སྦེ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཨིན་པས།
ཁ་ཙ་ཚུན་ ལོ་འཁོར་ཚོགས་ཆེན་ནང་ འབྲེལ་གཏོགས་འབད་མི་ བླ་ཆེན་དང་ སྤྲུལ་སྐུ་ དེ་ལས་ མཁན་པོ་༢༧ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ད་ འབྲུག་ལས་ རྟ་མགོ་བཤད་གྲྭ་དང་ གཞུང་གྲྭ་ཚང་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ སྐུ་ཚབ་ཅིག་གིས་གཙོས་པའི་ དགེ་སློང་ཞལ་གྲངས་༡༠༠ དེ་ཅིག་གིས་ ཚོགས་ཆེན་ནང་ བཅའ་མར་གཏོགས་ནིའི་ འོས་འབབ་ཡོད་ཟེར་ ཁམས་སྤྲུལ་རིན་པོ་ཆེའི་ དགེ་བསྐུལ་འབྲུག་སྒྲགས་ཚོགས་སྡེ་ནང་ལས་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
འབྲུག་ལས་ ཚོགས་ཆེན་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་ཡོད་མི་ཚུ་ ནངས་པ་ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་ནི་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment