གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་གུ་ཐོགས་ལུས་མིའི་འཕྲུལ་ཆས་ ཁ་ཙ་བཏོན་ཚུགས་ཡོདཔ།

༡༣/༩/༢༠༡༢   ༉ ཀྲོང་གསར་དང་ གཞལམ་སྒང་གཞུང་ལམ་ཁར་ཡོད་མི་ རྫོང་ཁག་ལུངམ་ཟམ་གུ་ཐོགས་ལུས་མི་ འཕྲུལ་ཆས་གཉིས་ ཁ་ཙ་ བཏོན་ཚུགས་ཡོདཔ་ལས་ ཟླཝ་དེ་གི་ སྤྱི་ཚེས་༢༠ དེ་ཅིག་ཁར་ གཞུང་ལམ་ལས་ འགྲོ་འགྲུལ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།


ཀྲོང་གསར་ལུང་ཕྱོགས་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་ གཙོ་འཛིན་འགོ་དཔོན་ དགའ་ལེགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲུལ་ཆས་གཉིས་ ཁ་ཙ་ ཉིན་མར་ཁམས་ཅིག་ཁར་ བཏོན་ཚུགས་ཡོདཔ་ལས་ གནས་སྐབས་ཀྱི་དོན་ལུ་ ཟམ་གུ་ལས་ཕར་ མི་ཚུ་འགྱོ་ནིའི་དོན་ལུ་ ལམ་བཟོ་ཡོད་རུང་ ད་ལྟོའི་ཟམ་དེ་བཤུབ་ཐོག་ལས་ ཟམ་གསརཔ་རྐྱབ་ནི་ཨིན་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ ཟམ་གསརཔ་རྐྱབ་ནིའི་དོན་ལུ་ ཇའི་པར་ཀཤི་ལས་སྡེ་གིས་ ལས་མི་དང་ འཕྲུལ་ཆས་ཀྱི་ གྲོགས་རམ་འབད་ནི་ཟེར་ སླབ་ཡོདཔ་ལས་ ཟམ་གསརཔ་གི་དོན་ལུ་ ཅ་ཆས་ཚུ་ ཟམ་གྱི་སྦོ་ལོགས་ཁར་ བཀལ་ནི་དང་ ཟམ་རྙིངམ་བཤུབ་ནིའི་ལཱ་དེ་ཡང་ ད་ལྟོ་ལས་འབད་ནི་ཨིན་ཟེར་ཨིན་པས།
ཟམ་གསརཔ་རྐྱབ་ནི་ཨིན་མི་དེ་གིས་ ལྗིད་ཚད་མེ༌ཊིག་ཊོན་༤༠ འབག་ཚུགསཔ་བཟོ་ནི་ཨིན་རུང་ ཟམ་གྱི་བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་བཟོ་སྐྲུན་གྱི་དོན་ལུ་གནས་མིའི་ཟད་འགྲོ་ཚུ་ ག་གིས་འབག་ནི་ཨིན་ན་ ད་ལྟོ་ གྲོས་ བསྟུན་འབད་བའི་བསྒང་ར་ཡོད་ཟེར་ཨིན་པས།
ཀྲོང་གསར་ལུ་ཡོད་མི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་ལམ་ཁར་ སྣུམ་འཁོར་བཀག་ལུས་མི་ དག་པ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
ཇའི་པར་ཀཤི་གི་ འགོ་དཔོན་ཚུ་གིས་ ཟམ་གྱི་སྦོ་ལོགས་ཁ་ལས་ སྣུམ་འཁོར་ཆུང་བ་ཚུ་ འགྲུལ་བསྐྱོད་འབད་ནི་གི་དོན་ལུ་ ལམ་བཟོ་ནི་སྦེ་ ས་བླུགས་ཡོད་རུང་ ཁ་ཙ་ཚུན་ ཕྱེད་ཀ་མ་གཏོགས་བླུགས་མ་ཚུགསཔ་ཨིན་པས།
ཟམ་རྙིངམ་གི་ཅ་ཆས་ཚུ་ ལོག་ལག་ལེན་འཐབ་མི་བཏུབ་ནི་ཨིན་པའི་ཁར་ གཞུང་ལམ་དེ་ སྤྱི་ཟླ་དེ་གི་ ཚེས་༢༠ དེ་ཅིག་ཁར་ རྒྱུན་འབྲེལ་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཚིན།

No comments:

Post a Comment