གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་རོ་ཁའི་ ཨམ་སྲུ་ཚུ་གི་དོན་ལས་ འོང་འབབ་བཟོ་ནི་ལུ་ལྷན་ཐབས།

སློཔ་ཚུ་གིས་ འཕྲལ་མགྱོགས་ར་ ལག་ཐགས་འཕྲུལ་ཆས་ལག་ལེན་འཐབ་སྟེ་ དཀྱི་ར་ཚུ་ འཐག་ནི་ཨིན་པས།

༡༡/༩/༢༠༡༢   ༉ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ནང་ ཨམ་སྲུ་ཆ་ཤས་ཅིག་ རང་སོའི་ཁྱིམ་ནང་ ཉིན་བསྟར་གྱི་ ལཱ་རྐྱངམ་གཅིག་མེན་པར་ ཐགས་འཐག་ཐོག་ལས་ འོང་འབབ་ལྷན་ཐབས་བཟོཝ་ཨིན་པས།
ལོ་ཏོ་ཀུ་ཅུ་འཇིགས་མེད་ལྟེ་བའི་ནང་ ཨམ་སྲུ་ཚུ་གིས་ ཅོག་ཁེབས་དང་ བྱང་ཁེབས་ཚུ་ འཐག་པའི་བསྒང་།


དེ་ཡང་ ཨམ་སྲུ་༧ འབད་མི་ སྡེ་ཚན་ཅིག་ རང་ལུགས་ཀྱི་ རྩིག་ཁྱིམ་ཅིག་ནང་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༨ དེ་ཅིག་གི་རིང་ ཅོག་ཁེབས་དང་ བྱང་ཁེབས་ཚུ་ ཐགས་འཐག་སྟེ་ འཚོ་སྐྱོང་འཐབ་ཨིན་པས།
གཞུང་མིན་ལས་སྡེ་ཅིག་ཨིན་མི་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ རྡོ་རོ་ཁ་དྲུང་ཁག་ རྡོ་ཕུག་ཅན་རྒེད་འོག་ རྡོ་ཡ་གཡུས་ཚན་ནང་ ལོ་ཏོ་ཀུ་ཅུ་འཇིགས་མེད་ཟེར་ ལྟེ་བ་ཅིག་ གཞི་བཙུགས་འབད་མི་དེ་ནང་ ཅོག་ཁེབས་དང་ བྱང་ཁེབས་ཚུ་ ཐགས་འཐག་ནི་གི་ གོ་སྐབས་བྱིན་མི་ ཨམ་སྲུ་༧ གིས་ ཐགས་འཐག་མི་ ཐོན་སྐྱེད་ཚུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ གྲོགས་རམ་ཐོག་ལས་ ཐིམ་ཕུ་ལུ་ བཙོང་དོ་ཡོདཔ་ཨིན་པས།
ལོ་ཏོ་ཀུ་ཅུ་འཇིགས་མེད་ལྟེ་བ་དེ་ བསམ་རྩེ་རྫོང་ཁག་ལས་ འགྲུལ་འཁོར་ནང་འགྱོཝ་ད་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགོརཝ་མ་ཚད་ རྡོ་རོ་ཁ་དྲུང་ཁག་ནང་ མ་ལྷོད་པའི་ཧེ་མར་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་འགྱོ་དགོ་པའི་ ས་ཁར་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༢༠༡༠ ལུ་ གཞི་བཙུགས་འབད་མི་དེ་ཡང་ མཐའ་ཟུར་གྱི་ ཨམ་སྲུ་ཚུ་ ཁོང་ར་གིས་འབད་ འོང་འབབ་བཟོ་ནི་གི་ ཕན་ཐབས་ལུ་དམིགས་ཏེ་ཨིནམ་ད་ འགོ་ཐོག་སྐབས་ ལྟེ་བ་དེ་ནང་འཛུལ་མི་ ཨམ་སྲུ་༡༧ ཡོད་མི་ལས་༡༠ ཐོན་ཡར་སོ་རུང་ ཁོང་ཨམ་སྲུ་༧ ཁྱིམ་ནང་ ལོག་མ་འགྱོ་བར་ ཐགས་ལས་ལུ་ གཙོ་བོར་བཏོན་སྡོད་ཅི་ཟེར་ ཐགས་མཁནམ་ཚུ་གིས་ སླབ་ཨིན་པས།
ཨམ་སྲུ་༧ གྱི་གྲས་ལས་༡ སྐྱེས་ལོ་༣༠ ལང་མི་ ཉིམ་བཟངམོ་དེ་ཨིནམ་ད་ ཆ་རོགས་གཞན་ཚུ་ ལྟེ་བ་ལས་ ཐོན་འགྱོཝ་ད་ ཁོང་ལུ་ དཔའ་ཞུམ་དགོཔ་ མ་བྱུང་ཟེར་ ཉིམ་བཟངམོ་གིས་ བཤད་པའི་ཁར་ ཁོང་ལུ་ ཐགས་འཐག་ནིའི་དོན་ལུ་ རྒྱུ་ཆས་ཚུ་ རིན་མེད་སྟོང་པར་སྦེ་བྱིནམ་ད་ གོ་སྐབས་འཕྲོ་བརླག་གཏང་ནི་མི་འོང་ཟེར་མནོ་སྟེ་ མ་སོང་ཟེར་ སླབ་ཨིན་པས།
ཨམ་སྲུ་ཚུ་ མང་ཤོས་ར་ གཉེན་རྐྱབ་ནིའི་དོན་ལུ་ ཐགས་ལས་བཤོལ་བཞག་ཡོདཔ་མ་ཚད་ ལ་ལུ་ཅིག་ ལཱ་གཞན་འབད་དེ་ འོང་འབབ་མང་སུ་བཟོ་ནི་གི་ རེ་བ་བསྐྱེད་ཐོག་ལས་ ཐོན་སོང་ཡོདཔ་ཨིན་པས།
ཨིན་རུང་ ཐགས་མཁནམ་ཚུ་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༨ དེ་རེ་ ལཱ་འབད་མི་ལས་ཐོབ་མི་ འོང་འབབ་ཀྱིས་ རང་བཟའ་སྤྱོད་འབད་ནི་དང་ ཉེར་མཁོའི་ཅ་ཆས་ དཔེར་ན་ བཞེས་སྒོ་འབད་ནིའི་ མར་ཁུ་དང་ ཆུམ་ ཚྭ་ ཚོད་བསྲེ་ཉོ་ནི་རྐྱངམ་གཅིག་ ལངམ་མས་ཟེར་ སླབ་དོ་ཡོདཔ་ད་ ཉིམ་བཟངམོ་གིས་ མོ་གི་འོང་འབབ་ཐོག་ལས་ མོ་རའི་ཨ་ལུ་༢ སློབ་གྲྭ་ནང་ བཏངམ་མ་ཚད་ ཉེར་མཁོའི་ཅ་ཆས་ཚུ་ ཉོཝ་ཨིན་པས།
ཁོང་གིས་ཐགས་མི་ ཅོག་ཁེབས་དང་ བྱང་ཁེབས་རེ་ལུ་ དངུལ་ཀྲམ་༡༥༠ རེ་ ཐོབ་དོ་ཡོདཔ་ད་ ད་རེས་ནངས་པར་ ཐགས་མཁནམ་ཚུ་གིས་ ཅོག་ཁེབས་ཚུ་ མེ་ཏོག་འཐུ་སྟེ་ འཐག་དོ་ཡོདཔ་ལས་ ཚོང་མགྲོན་པ་ཚུ་གིས་ ཅོག་ཁེབས་ཚུ་ ཉོ་ནི་ལུ་ སྤྲོ་བ་བསྐྱེད་ཚུགས་པའི་ རེ་བ་ཡོདཔ་ད་ སྐྱེས་ལོ་༢༤ ལང་མི་ དཔལ་ལྡན་ལྷམོ་གིས་འབད་བ་ཅིན་ ཁོང་གིས་ མངམ་སྦེ་ཐགས་འཐག་ཐོག་ལས་ བཙོང་ནི་གི་དོན་ལུ་ གཡུས་ཚན་གཞན་ཁའི་ ཨམ་སྲུ་གཞན་ཚུ་ཡང་ ལྟེ་བ་དེ་ནང་ འཛུལ་དགོ་པའི་ བརྩོན་ཤུགས་བསྐྱེད་དེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སློཔ་ཨམ་སྲུ་ཚུ་གིས་ འཕྲལ་གྱོགས་ར་ ལག་ཐགས་འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ དཀྱི་ར་འཐག་ནི་ འགོ་བཙུགས་ནི་ཨིནམ་ལས་ འོང་འབབ་བཟོ་ནི་གི་ གོ་སྐབས་གཞན་ཅིག་ འཐོབ་ནི་ཨིནམ་ད་ སློཔ་ཚུ་གིས་འབད་བ་ཅིན་ དཀྱི་ར་འཐག་ནིའི་དོན་ལུ་ ཨམ་སྲུ་༣ གྱིས་ སྦྱང་བ་འབད་ཡོདཔ་མ་ཚད་ ཨམ་སྲུ་གཞན་ཚུ་ཡང་ ཐགས་ལས་དེ་ནང་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།
ཏཱ་ར་ཡ་ནའི་ ས་གནས་འགོ་དཔོན་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ སང་ཕོད་ཀྱི་ལོ་ནང་ གྱོན་ནིའི་དོན་ལུ་ སེང་ལྡན་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་༥༠༩ གི་ སློབ་གྲྭའི་སྒྲིག་གོ་ཚུ་ འཐག་ནི་གི་ མཁོ་མངགས་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ ཐགས་མཁནམ་ཚུ་གིས་ རིང་ཐུང་མི་ཊར་༣༠ དེ་ཅིག་འབད་མི་ འཐག་ནི་དང་ དེ་གིས་ སློབ་ཕྲུག་༡༠ གྱི་ སྒྲིག་གོ་འཐོན་འོང་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment