གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་ལུ་ གཟེངས་བསྟོད་ལག་ཁྱེར་དང་ རྟགས་མ་ཕུལ་ཡོདཔ།

༡༠/༩/༢༠༡༢   ༉ ཁ་ཙ་ རྒྱ་གར་ཨོ་རི་ས་ལུ་ཡོད་མི་ ཀ་ལིང་ག་སྤེལ་ཁང་༢ ཀྱིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ གཟེངས་བསྟོད་ལག་ཁྱེར་དང་ རྟགས་མ་ཕུལ་ཡོད་མི་དེ་ཡང་ ཀ་ལིང་ག་མི་སྡེ་ཚན་རིག་སྤེལ་ཁང་གིས་ འགྲོ་བ་མི་ལུ་ ཞབས་ཏོག་སྒྲུབ་པའི་ གཟེངས་བསྟོད་རྟགས་མ་ ཀེ་ཨའི་ཨེསི་ཨེསི་ ཧུ་མ་ནི་ཊ་རེན་ཨེ་ཝཱཌ་༢༠༡༢ ཟེར་མི་དང་ ཀ་ལིང་ག་བཟོ་གྲྭ་འཕྲུལ་རིག་སྤེལ་ཁང་གིས་ ཨོ་ན་ར་རི་ ཌོག་ཊོ་རེཊ་ཟེར་མི་ གཟེངས་བསྟོད་ལག་ཁྱེར་ཕུལ་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ འཛམ་གླིང་སྤྱི་ཚོགས་ཨམ་སྲུའི་ ལུང་ཕྱོགས་མདོ་ཆེན་ ཨམ་ཨེན་ནི་ ཨིསི་ཊེན་ཧ་མར་༢ ཀེ་ཨའི་ཨེསི་ཨེསི་གཟེངས་བསྟོད་རྟགས་མ་དང་བཅས་ལྷན་བཞུགས།
བློན་ཆེན་མཆོག་གིས་ ཌོག་ཊར་ཨ་ཅུ་ཏ་ ས་མཱན་ཐ་ལས་ ཨོ་ན་ར་རི་ ཌོག་ཊོ་རེཊ་ཟེར་མི་ གཟེངས་བསྟོད་ལག་ཁྱེར་བཞེས་གནང་པའི་བསྒང་།


ཀེ་ཨའི་ཨེསི་ཨེསི་གཟེངས་བསྟོད་རྟགས་མ་དེ་ སློབ་ཕྲུག་དང་ མགྱོནམ་༡༦,༥༠༠ དེ་ཅིག་འཛོམས་སར་ འཛམ་གླིང་སྤྱི་ཚོགས་ཨམ་སྲུའི་ ལུང་ཕྱོགས་མདོ་ཆེན་ ཨམ་ཨེན་ནི་ ཨེཕ་ ཨིསི་ཊེན་ཧ་མར་གྱིས་སྦེ་ བློན་ཆེན་མཆོག་ལུ་ ཕུལ་ཡོདཔ་ད་ ཀེ་ཨའི་ཨེསི་ཨེསི་དང་ ཀེ་ཨའི་ཨའི་ཊི་སྤེལ་ཁང་༢ གཞི་བཙུགས་འབད་མི་ ཌོག་ཊར་ཨ་ཅུ་ཏ་ ས་མཱན་ཐ་གིས་ སླབ་མིའི་ནང་ གཟེངས་བསྟོད་རྟགས་མ་དེ་ མི་སྡེ་ལུ་ ལས་སྣ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ལས་ ཡ་མཚན་ཅན་དང་ བསྟོད་པར་འོས་པའི་ ལྷན་ཐབས་འབད་མི་དང་ འགྲོ་བ་མི་ལུ་ ཞབས་ཏོག་ཁྱད་འཕགས་ཅན་སྦེ་སྒྲུབ་མི་ མི་ངོ་ཚུ་ ངོས་འཛིན་ཐོག་ གུས་བཏུད་ཞུ་ནིའི་དོན་ལུ་ བྱིནམ་ཨིན་ཟེར་ཨིན་པས།
གཟེངས་རྟགས་འདི་ ཀ་ལིང་ག་གཙུག་ལག་སློབ་སྡེ་འགོ་བཙུགས་ཞིནམ་ལས་ཚུར་ འཛམ་གླིང་རྒྱལ་ཁབ་སོ་སོ་ལས་ མཁྱེན་རྒྱ་ཅན་དང་ བྱམས་བརྩེ་ཅན་གྱི་དབུ་ཁྲིད་ཚུ་དང་ འགྲོ་བ་མིའི་ བརྩི་མཐོང་ལུ་ ཚ་གྱང་འབག་མི་ཚུ་ལུ་ ལོ་བསྟར་བཞིན་དུ་ བྱིན་ནི་ཡོད་ཟེར་ ཌོག་ཊར་ཨ་ཅུ་ཏ་ ས་མཱན་ཐ་གིས་ བཤདཔ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འགྲོ་བ་མིའི་ མཐའ་དོན་ལུ་བརྩོན་ཏེ་ ཤེས་ཡོན་ཁྱད་འཕགས་ཅན་བཟོ་ནིའི་ནང་ མཐར་འཁྱོལ་བྱུང་མི་ གཙུག་ལག་སློབ་སྡེ་ཡོངས་གྲགས་ཅན་ལས་ འདི་བཟུམ་མའི་ ངོས་འཛིན་གྱི་ གཟེངས་བསྟོད་རྟགས་མ་ཐོབ་མི་ལུ་ སྤྲོ་སྣང་སྦོམ་བྱུང་ཡི་ཟེར་ཨིནམ་ད་ འབྲུག་གིས་ སློབ་གྲྭ་ཚུ་ལས་ ཐོན་སྡོད་མི་ སློབ་ཕྲུག་ཚུ་ རྩ་མེད་བཟོ་ནི་གི་ འབད་བརྩོན་ཤུགས་བསྐྱེད་པའི་བསྒང་ཡོད་རུང་ ཀེ་ཨའི་ཨེསི་ཨེསི་སྤེལ་ཁང་གིས་ རྩ་མེད་བཟོ་ནི་ལུ་ མཐར་འཁྱོལ་བྱུང་ནུག་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པས།
ད་རུང་ བློན་ཆེན་མཆོག་གིས་ ཀེ་ཨའི་ཨའི་ཊི་སྤེལ་ཁང་གི་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་གྱི་ རྟེན་འབྲེལ་ནང་ཡང་ བྱོན་གནང་ཡོདཔ་ད་ དེ་བསྒང་ སློབ་ཁང་གིས་ བློན་ཆེན་མཆོག་ལུ་ ཨོ་ན་ར་རི་ ཌོག་ཊོ་རེཊ་ཟེར་མི་ གཟེངས་བསྟོད་ལག་ཁྱེར་ཕུལ་མི་དེ་ཡང་ བློན་ཆེན་གྱི་ ཐུགས་རིག་མཁས་པ་དང་ དགའ་སྐྱིད་དེ་ རྒྱལ་སྤྱིའི་གནས་ཚད་ནང་ འགྲོ་བ་མིའི་དམིགས་དོན་ཅིག་སྦེ་ བཙུགས་ནི་གི་ བསླབ་བཀོད་བཟང་པོ་གནང་བའི་ ངོས་འཛིན་ལུ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment