གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་ཨམ་སྲུའི་ ཕུཊ་བཱོལ་ སྡེ་ཚན་ བང་ལ་དེཤ་སྡེ་ཚན་ལས་ ཕམ་ཡོདཔ།

༡༠/༩/༢༠༡༢   ༉ ཤྲི་ལངྐ་ལུ་སྦེ་ ལྷོ་ཨེ་ཤེ་ཡཱན་ཨམ་སྲུའི་ཕུཊ་བཱོལ་འགྲན་བསྡུར་ཐེངས་༢ པ་ འགོ་འདྲེན་འཐབ་མིའི་ནང་ ཁ་ཙ་ འབྲུག་དང་ བང་ལ་དེཤ་གི་ཨམ་སྲུའི་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བང་ལ་དེཤ་གི་ ཨམ་སྲུའི་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འབྲུག་དང་ བང་ལ་དེཤ་གི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༩ ལུ་ བང་ལ་དེཤ་གི་ རྩེད་འགྲན་འབད་མི་ཅིག་གིས་ གཱོལ་བཙུགས་ཡོདཔ་ལས་ འབྲུག་གི་སྡེ་ཚན་གྱིས་ རིག་རྩལ་སྟོན་ཐོག་ལས་ དོ་འགྲན་འབད་དེ་ གཱོལ་བཙུགས་ནིའི་རྩ་འགེངས་ཡོད་རུང་ མཐར་འཁྱོལ་འབྱུང་མ་ཚུགསཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༧ རེས་གཟའ་སྤེན་པ་ལུ་ རྩེད་འགྲན་འགོ་བཙུགས་པའི་སྐབས་ འབྲུག་པའི་སྡེ་ཚན་དེ་ ཤྲི་ལངྐའི་སྡེ་ཚན་གྱི་བར་ན་རྩེད་འགྲན་འབདཝ་ད་ ཤྲི་ལངྐའི་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཡོད་རུང་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགསཔ་ཨིན་པས།
འབྲུག་པའི་ཨམ་སྲུའི་སྡེ་ཚན་གྱི་ རྩེད་འགྲན་མཇུག་ར་ རྒྱ་གར་གྱི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༡༡ ལུ་ རྩེད་འགྲན་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་པའི་ཨམ་སྲུ་ཚུ་ རྒྱ་གར་སྡེ་ཚན་གྱིས་ གཱོལ་༡༩ བཙུགས་ཡོདཔ་ལས་ ཕམ་ནུག།
ད་རེས་ཀྱི་ རྩེད་འགྲན་དེ་ ནེ་པཱལ་དང་ མཱལ་དེབསི་ དེ་ལས་ པཱ་ཀིསི་ཏཱན་དང་ ཨཱཕ་ག་ནིསི་ཏཱན་ཨམ་སྲུའི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ལྷོ་ཨེ་ཤེ་ཡཱན་ ཨམ་སྲུའི་ཕུཊ་བཱོལ་འགྲན་བསྡུར་ཐེངས་༢ པའི་ རྩེད་འགྲན་ནང་ རྒྱལ་ཁབ་༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ འབྲུག་པའི་ཨམ་སྲུ་དང་ རྒྱ་གར་ ནེ་པཱལ་ མཱལ་དེབསི་ ཨཱཕ་ག་ནིསི་ཏཱན་དང་ ཤྲི་ལངྐའི་སྡེ་ཚན་ཚུ་ཡོདཔ་བཞིན་དུ་ རྩེད་འགྲན་མཇུག་ར་ སྤྱི་ཟླ་༩ པའི་ཚེས་༡༦ རེས་གཟའ་ཟླཝ་ལུ་ འབད་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment