གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་རྒྱལ་སྤྱིའི་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ལམ་ལུགས་གསར་པའི་ སྦྱོང་བརྡར།

༡༢/༩/༢༠༡༢   ༉ འཛམ་གླིང་རྒྱལ་སྤྱིའི་ ཕྱི་རྒྱལ་གྱི་མདའ་གཞུ་ཐོག་ལུ་ ལམ་ལུགས་གསར་པའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༩ ལས་༡༨ ཚུན་ འཛམ་གླིང་རྒྱལ་སྤྱི་ལས་ མཁས་མཆོག་ཅིག་གིས་ འབྲུག་པའི་མདའ་རྩེདཔ་༨༠ དེ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་པའི་བསྒང་ཡོདཔ་ཨིན་པས།
འབྲུག་པའི་མདའ་རྩེདཔ་ཚུ་ སྦྱོང་བརྡར་འབད་བའི་བསྒང་།


དེ་ཡང་ འབྲུག་མདའ་རྩེད་ཚོགས་པ་དང་ གཡང་འཕེལ་མདའ་རྩེད་ཚོགས་པ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མིའི་ནང་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ དོ་འགྲན་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གཡང་འཕེལ་མདའ་རྩེད་ཚོགས་པའི་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རང་ལུགས་ཀྱི་མདའ་རྩེད་འགྲན་བསྡུར་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་མི་ལེ་ཤ་ཡོད་རུང་ ད་ཚུན་ རྒྱལ་ཡོངས་ཀྱི་ མདའ་རྩེད་སྡེ་ཚན་བཟོ་བཟོཝ་མེདཔ་ལས་ འཛམ་གླིང་རྒྱལ་ཁབ་ནང་ འབྲུག་རྒྱལ་ཁབ་འདི་ རང་ལུགས་ཀྱི་མདའ་ རྩེད་འགྲན་འབད་ནི་ཡོད་རུང་ རྒྱལ་ཡོངས་ཀྱི་ སྡེ་ཚན་སྦེ་ མིན་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ རྒྱལ་སྤྱི་ ཨོ་ལིམ་པིག་ནང་ གཞུ་འཁོར་ལོ་ཅན་མའི་ཐོག་ལས་ རྩེད་འགྲན་འབད་ནིའི་སྲོལ་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ རྒྱལ་སྤྱི་ལས་ འབྲུག་པའི་སྡེ་ཚན་གྱིས་ བཅའ་མར་གཏོགས་ཚུགས་པའི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་སྦེ་འགོ་འདྲེན་འཐབ་དགོ་པའི་དམིགས་དོན་གཙོ་བོ་ར་ ད་ཚུན་ འབྲུག་མདའ་རྩེད་ཚོགས་པ་དང་ གཡང་འཕེལ་མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ ལོ་བསྟར་བཞིན་དུ་ རང་ལུགས་སྤག་ཤིང་གི་ མདའ་གཞུ་དང་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལས་ རྩེད་འགྲན་འགོ་འདྲེན་འཐབ་པའི་སྐབས་ འབའ་སྐྱོར་གྱི་ རིང་ཐུང་མི་ཊར་༡༤༥ འབད་མིའི་ནང་ བཀག་རེག་དང་ མདའ་ཡ་ ལེ་ཤ་རྐྱབ་དོ་ཡོདཔ་ལས་ རྒྱལ་སྤྱི་གཞུ་འཁོར་ལོ་ཅནམ་གི་ཐོག་ལས་ རྩེད་འགྲན་དེ་ མི་ཊར་༥༠ གི་ས་ཁར་ཨིནམ་ལས་ འཛམ་གླིང་ནང་ དོ་འགྲན་འབད་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་ལས་ འགོ་འདྲེན་འཐབ་ཅི་ཟེར་ སླབ་ཨིན་པས།
བདུན་ཕྲག་གཅིག་གི་རིང་ལུ་ འོང་མི་ འཛམ་གླིང་ནང་ ཨང་དང་པ་ཐོན་མི་ སློབ་སྟོན་པ་ ཡུ་ནའི་ཀེཊ་ ཀིང་ཌོམ་ལས་ སྐྱེས་ལོ་༣༥ ལང་མི་ མའི་ཀཱལ་ པརཌ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྲོ་བ་དང་ དང་འདོད་བསྐྱེད་ཐོག་ལས་ སློབ་སྦྱོང་འབད་ཡོདཔ་ལས་ སློབ་སྟོན་འབད་ནི་ལུ་ སྤྲོ་བ་འདུག་ཟེར་ཨིན་པས།
མདའ་རྩེད་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཐོན་དོ་བཟུམ་སྦེ་ གཞན་རྒྱལ་ཁབ་ག་ཏེ་ལུ་ཡང་མ་མཐོང་ཟེར་ཨིནམ་ད་ མིང་གཏམ་ཅན་གྱི་རྒྱལ་ཁབ་དེ་ནང་ རྒྱལ་སྤྱི་འཛམ་གླིང་གི་ ཨོ་ལིམ་པིག་གི་ རྩེད་འགྲན་ནང་ དོ་འགྲན་འབད་ཚུགས་པའི་འོས་འབབ་སྦོམ་ཡོདཔ་ལས་ བཅའ་མར་གཏོགས་མི་ཚུ་གིས་ ད་ལས་ཕར་ འབད་དགོཔ་དེ་ར་ ཉིན་བསྟར་བཞིན་དུ་ སྦྱོང་བརྡར་འབད་ནི་དང་ བརྩོན་འགྲུས་ཐེབས་བསྐྱེད་དགོཔ་ མཐུན་རྐྱེན་ཆ་ཚང་དགོཔ་ རང་སོའི་རིག་རྩལ་ལྕོགས་གྲུབ་ཅན་བཟོ་ནི་ དེ་ལས་ བཟོད་པ་དང་ ལཱ་འབད་ཐངས་དེ་ གལ་ཆེ་ཟེར་ སླབ་ཨིན་པས།
གཡང་འཕེལ་མདའ་རྩེད་འགྲན་བསྡུར་ལས་ མདའ་རྩེདཔ་དྲག་ཤོས་ འཇིགས་མེད་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ བཅའ་མར་གཏོགས་དགོ་པའི་དམིགས་དོན་དེ་ རང་ལུགས་ཀྱི་མདའ་རྩེད་ལས་ ཁྱད་པར་མ་འདྲཝ་ག་ཅི་ཡོད་ག་དང་ ཡོན་ཏན་དང་ རིག་རྩལ་ཐེབས་ལྷབ་སྦྱང་འབད་ནི་ རྒྱལ་ཡོངས་ཀྱི་ སྡེ་ཚན་ནང་ བཅའ་མར་གཏོགས་ཚུགསཔ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བདུན་ཕྲག་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་ ཐིམ་ཕུ་ འབྲུག་མདའ་རྩེད་ཚོགས་པའི་ རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་ ཕྱི་རྒྱལ་སློབ་སྟོན་པ་གཅིག་གིས་ སློབ་སྟོན་འབད་ནི་ལུ་ དོ་འགྲན་བྱུང་ཡོདཔ་ལས་ དྲོ་པའི་ཆུ་ཚོད་༨ ལས་ཆུ་ཚོད་༡༠.༣༠ དང་ ཉིན་མའི་ཆུ་ཚོད་༡༡ ལས་༡.༣༠ དེ་ལས་ ཕྱི་རུའི་ཆུ་ཚོད་༣ ལས་ཆུ་ཚོད་༥.༣༠ ཚུན་ལུ་སྦེ་ སྡེ་ཚན་༣ བཟོ་སྟེ་ བྱིན་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༦ དང་༡༧ ནང་ བཅའ་མར་གཏོགས་མིའི་གྲས་ལས་ རྒྱལ་སྤྱི་ནང་ རྩེད་འགྲན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་མདའ་རྩེད་སྡེ་ཚན་གཅིག་ གདམ་འཐུ་འབད་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment