གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱོག་སོང་མི་བཙོན་པ་ཅིག་ ལོག་འཛིན་བཟུང་འབད་ཡོདཔ།

༡༣/༩/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ བཀྲིས་སྒང་ཁྲིམས་སྲུང་འགག་པའི་ དོ་དམ་ཁང་ནང་ལས་ བྱོག་སོང་མི་བཙོན་པ་ཅིག་ འདས་པའི་ རེས་གཟའ་ཉི་མ་ལུ་ བཀྲིས་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལས་ ལོག་འཛིན་བཟུང་འབད་ཚུགས་ཡོདཔ་ཨིན་པས།


བཙོན་པ་དེ་ ཨར་རྐུན་འབད་བའི་གནད་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༥ འི་དྲོ་པ་ རྫོང་ཁག་ཁྲིམས་འདུན་གྱིས་ འགལ་ལན་འབྲི་བར་ བཏང་པའི་སྐབས་ བྱོག་སོང་མི་ལུ་བརྟེན་ ད་ལས་ཕར་ ཁྲིམས་འགལ་ཐོག་ དོ་དམ་འོག་ལས་ བྱོང་སོང་བའི་ ཉེས་འཛུགས་ཡང་ འབད་ནི་ཨིན་པས།
བཙོན་པ་དེ་གིས་ བཀྲིས་སྒང་རང་བྱུང་གི་ ཚོང་པ་ཅིག་གི་ ཚོང་ཆས་ཚུ་ ཚོང་པ་དེ་གིས་ ཤེས་རྟོགས་མེད་པར་ ཚོང་འབྲེལ་སྣུམ་འཁོར་ཅིག་ནང་ལས་ རིན་གོང་དངུལ་ཀྲམ་༤,༠༠༠ དེ་ཅིག་གནས་པའི་ ཅ་ཆས་ཚུ་ བཙོང་མི་ལུ་བརྟེན་ སྤྱི་ཟླ་༨ པའི་ཚེས་༡༧ ལས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ དེ་ཚེ་དྲོ་པ་ ཁོ་རའི་ མི་ཚན་ཅིག་གི་ཁྱིམ་ནང་ འགལ་ལན་འབྲི་བར་འགྱོ་བའི་སྐབས་ ཁྱིམ་གྱི་རྒྱབ་ཁར་ཡོད་པའི་ སྒོ་ནང་ལས་ཐོན་ཏེ་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
བཀྲིས་སྒང་ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ ཡིག་ཚང་ལྟེ་བའི་ནང་ སྙན་ཞུ་ཕུལ་མི་དང་འཁྲིལཝ་ད་ བཙོན་པ་དེ་ འགལ་ལན་འབྲི་བར་འགྱོ་བའི་སྐབས་ བྱོག་སོང་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་ལུ་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་མ་འབདཝ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙོན་པ་དེ་ འགལ་ལེན་ཡི་གུ་འབྲི་བཅུག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༢ དང་གཅིག་ཁར་ བཏང་བའི་ཤུལ་ལུ་ ལོག་མ་ལྷོདཔ་ད་ ཤུལ་ལས་ ཕོ་སྐྱེས་དེ་ བྱོག་འགྱོ་བའི་སྐོར་ལས་ མི་ཚུ་གིས་ གོ་ཡོདཔ་མ་གཏོགས་ ཁྲིམས་སྲུང་འགག་པ་ལས་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༧༡ པ་དང་འཁྲིལཝ་ད་ ཁྲིམས་འགལ་ཐོག་ དོ་དམ་འོག་ལས་ བྱོག་འགྱོ་མི་དེ་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ སྨིན་དགོཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment