གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོའི་གཏེར་ཁ་ བཀག་འཛིན་ལུ་བརྟེན་པའི་ཚ་གྱང།

༡༢/༩/༢༠༡༢   ༉ ཁ་ཉིནམ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་༢ པའི་ནང་ རྡོ་སྐྱེལ་མི་སྣུམ་འཁོར་ཊཱག་༤༠ ལྷགཔ་ཅིག་ རྡོ་སྐྱེལ་འདྲེན་འབད་མ་བཅུག་ནི་དེ་གིས་ གློག་མེ་ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་ཚུ་ ཚ་གྱང་ལང་ཡོདཔ་ད་ རྡོ་ཚུ་ ལས་འགུལ་གྱི་ བཟོ་སྐྲུན་དོན་ལུ་ མེད་ཐབས་མེདཔ་ཅིག་འབདཝ་ལས་བརྟེན་ཨིན་པས།
བྱུང་གོངམ་རྡོ་བཏོན་ས་ཁོངས།


རྡོ་སྐྱེལ་འདྲེན་འབད་མ་ཚུགས་མི་དེ་ སྤྱི་ཟླ་༩ པའི་ཚེས་༩ ལུ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ དབང་འདུས་ཕོ་བྲང་ལུ་ཡོད་པའི་ བྱུང་གོངམ་ལུ་ རྡོའི་གཏེར་ཁ་དེ་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འགལ་བའི་ གནད་དོན་གྱི་ཐོག་ གནས་སྐབས་ཅིག་གི་དོན་ལུ་ ལཱ་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་ནི་དེ་གིས་ཨིན་པས།
བཀག་ཆ་འབད་མི་དེ་གིས་ གློག་མེ་ལས་འགུལ་གྱི་ལཱ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ད་ དེ་ཡང་ ལས་འགུལ་གྱི་ལཱ་ངོ་མ་ ཆུ་བྱག་རྐྱབ་ནི་དང་ ས་འོག་ལས་ ཆུ་ལམ་བཏོན་ནི་ དེ་ལས་ གློག་མེའི་འཕྲུལ་ཨམ་ བཟོ་སྐྲུན་འབད་ནིའི་ལཱ་ཚུ་ནང་ རྡོ་དེ་ ངེས་པར་དུ་དགོཔ་ཡོདཔ་བཞིན་དུ་ ལས་འགུལ་གོ་རིམ་༡ པ་དང་༢ པའི་ ས་འོག་ལས་ ཆུ་ལམ་བཏོན་ནིའི་ལཱ་འབད་མི་ གེ་མཱོན་ལས་སྡེ་གིས་ ཉིནམ་༡ ལུ་ར་ རྡོ་ཊཱག་༥༠ དང་༦༠ གི་བར་ན་ དགོས་མཁོ་ཡོདཔ་ལས་ རྡོ་མེད་པ་ཅིན་ ལཱ་འབད་མི་ཚུགས་ཟེར་ ལས་སྡེའི་ བི་ཀ་རམ་ཇིད་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ལས་སྡེ་གིས་ གསོག་འཇོག་འབད་མི་ རྡོ་ཚུ་གིས་ ཉིནམ་༡༥ དེ་ཅིག་ ལང་ཚུགས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་གཙང་ཆུ་ལས་འགུལ་༢ པའི་ ཆུ་བྱག་དང་ གློག་མེ་འཕྲུལ་ཨམ་བཟོ་སྐྲུན་འབད་མི་ ཇེ་པི་ལས་སྡེ་གིས་ ཁ་ཉིནམ་ལས་ རྡོ་ཚུ་ ལས་སྡེའི་གསོག་འཇོག་ཁང་ནང་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ ལས་སྡེའི་གཙོ་འཛིན་འགོ་དཔོན་འོག་མ་ ཀེ་ཀེ་གིས་ སླབ་མིའི་ནང་ ཁོང་གི་དོན་ལུ་ ཉིནམ་རེ་ལུ་ རྡོ་ཊཱག་༢༢ དགོཔ་ཡོདཔ་ལས་ གསོག་འཇོག་འབད་མི་དེ་གིས་ བདུན་ཕྲག་༢ དེ་ཅིག་གི་ ནང་འཁོད་ལུ་ རྫོགས་པའི་སྐབས་ དམ་ཅན་རྡོ་དཀྲུམ་ཁང་ནང་ལས་ ལེན་དགོ་པའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
དེ་འབདཝ་ད་ ལས་འགུལ་དང་པའི་ གློག་མེ་འཕྲུལ་ཨམ་ བཟོ་སྐྲུན་འབད་མི་ ཨེཆ་སི་སི་ལས་སྡེ་ལུ་འབད་བ་ཅིན་ རྡོ་གསོག་འཇོག་འབད་དེ་མེདཔ་ལས་ ག་ཏེ་ལས་ བཏོན་ནི་ཨིན་ན་ མི་ཤེས་པས་ཟེར་ ལས་སྡེའི་འགོ་དཔོན་ཅིག་གིས་ སླབ་ཡོདཔ་ད་ ཁོང་གི་དོན་ལུ་ཡང་ རྡོ་དེ་ རྒྱ་སྦོམ་སྦེ་ར་དགོཔ་ལས་ གལ་སྲིད་ རྡོ་ཆད་པ་ཅིན་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བཀག་འཛིན་འབད་མི་དེ་ཡང་ ས་ཁམས་དང་ གཏེར་ཁ་ལས་ཁུངས་ཀྱིས་ ས་མཚམས་ལས་བརྒལ་ཏེ་ བཏོན་པའི་ཁར་ གཏེར་ཁའི་རྩ་བར་ ཁྱིམ་ཐོག་ཚད་༢ འབད་མི་ཅིག་ཡང་ རྐྱབ་ནུག་ཟེར་ཨིནམ་ད་ ས་ཁམས་དང་གཏེར་ཁའི་ ལམ་ལུགས་དང་འཁྲིལ་བ་ཅིན་ གཏེར་ཁའི་ཉེ་འདབས་ལུ་ ཁྱིམ་རྐྱབ་མི་ཆོག་ཟེར་ཨིན་པས།
དེ་མ་ཚད་ གནད་དོན་གཞན་ ལས་ཁུངས་ཀྱིས་ ངོས་འཛིན་འབད་མི་ ས་ཁོངས་ནང་ གཏེར་ཁའི་བརྡ་བྱང་ཡང་ མིན་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ཡང་ ས་ཁོངས་དེ་ནང་ ཞིབ་དཔྱད་འབད་བའི་སྐབས་ ལམ་ལུགས་དང་འགལ་བའི་ ལཱ་འབད་སར་མཐོང་སྟེ་ ལཱ་བཀག་ཆ་འབད་དགོཔ་སྦེ་ སླབ་ཡོད་རུང་ འཕྲོ་མཐུད་དེ་ར་ བཏོན་ནུག་ཟེར་ཨིན་པས།
དེ་འབདཝ་ད་ རྡོ་གཏེར་གྱི་ཇོ་བདག་ སྲིད་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ས་མཚམས་ཡར་སེང་རྐྱབ་མི་དེ་ རྡོ་བཏོན་མི་འཕྲུལ་ཆས་འགྱོ་སའི་ ལམ་བཟོ་ཡི་ཟེར་ཨིནམ་ད་ དེ་མིན་ ས་གནས་གཞན་ཁ་ལས་འབད་བ་ཅིན་ བྱག་དང་གྱེན་ཚུ་ལུ་བརྟེན་ འཕྲུལ་ཆས་མི་ཐལ་བས་ཟེར་ཨིན་པས།
ས་མཚམས་སྒེར་གྱི་ས་ཁོངས་ནང་ རྒྱ་བསྐྱེད་འབདཝ་ད་ བྱ་སྟབས་མ་བདེཝ་ མི་མཐོང་མས་ཟེར་ཨིནམ་ད་ རྡོ་གཏེར་ཇོ་བདག་ཁོ་རའི་ ས་གོ་ནང་ཨིནམ་ད་ ཁྱིམ་རྐྱབ་པའི་སྐོར་ལས་ ད་རུང་ ཁོ་གིས་འབད་བ་ཅིན་ ཁྱིམ་དེ་ རྒེད་འོག་བདག་སྐྱོང་ལས་ གནང་བ་ལེན་ཏེ་ རྐྱབ་པའི་ཁར་ བརྡ་བྱང་དེ་ཡང་ ས་ཁམས་དང་གཏེར་ཁ་ལས་ཁུངས་ཀྱི་ བཀའ་རྒྱ་དང་འཁྲིལ་ཏེ་ བཟོ་ཡོདཔ་ལས་ བཀག་འཛིན་འབད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
བཀག་འཛིན་འབད་མི་དེ་གིས་ རྡོ་སྐྱེལ་འདྲེན་འབད་མི་ ཊཱག་གི་ཇོ་བདག་ཚུ་ལུ་ཡང་ ཐོ་ཕོག་ཡོདཔ་ད་ དེའི་གྲས་ལས་ ཡེ་ཤེས་ཆོས་རྒྱལ་གྱིས་འབད་བ་ཅིན་ ཁོ་གིས་ སྣུམ་འཁོར་ཊཱག་༢ དངུལ་ཁང་ནང་ལས་ དངུལ་ཀྲམ་ས་ཡ་༣ སྐྱིན་འགྲུལ་ལེན་ཐོག་ལས་ ཉོ་མི་དེ་ལུ་ ཟླ་རིམ་གྱི་སྤྲོད་རིམ་ དངུལ་ཀྲམ་༨༠,༠༠༠ རེ་བཏབ་མི་དེ་ ལཱ་བཀག་འཛིན་འབད་བའི་སྐབས་ སྤྲོད་རིམ་བཏབ་མ་ཚུགས་པའི་དཀའ་ངལ་འཐོན་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ཊཱག་༢ རྡོ་གཏེར་ནང་ བཙུགས་མི་དེ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༡༠,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
བྱུང་གོངམ་གི་རྡོ་གཏེར་དེ་ དབང་འདུས་ལས་ ཀྲོང་གསར་ཁ་ཐུག་ ཀི་ལོ་མི་ཊར་༣༠ ལྷགཔ་ཅིག་གི་ས་ཁར་ཨིནམ་ད་ གཏེར་ཁ་དེ་ གཞུང་ལམ་ཟུར་ཁར་ ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment