གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟུགས་བཀུག་སྟེ་ ལཱ་ཡུན་རིངམོ་སྦེ་འབད་མི་གིས་ སྒལ་ཏོག་ན་ནིའི་ཉེན་ཁ།

༡༣/༡༢/༢༠༡༢   ༉ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རུས་ཚིགས་བརྟག་དཔྱད་ཁང་ནང་ ཉིན་བསྟར་བཞིན་དུ་ ནདཔ་བརྒྱ་ཆ་༨༠ དེ་ཅིག་ བརྟག་དཔྱད་འབད་བར་འོང་མི་ཚུ་གི་གྲས་ལས་ བརྒྱ་ཆ་༥༠ དེ་ཅིག་ སྒལ་ཏོ་ན་མི་ཚུ་ཨིན་པས།

གཙོ་བསྟེན་སྨན་ཁང་གི་ རུས་ཚིགས་མཁས་མཆོག་ ཌོག་ཊར་ ཀུན་བཟང་དབང་འདུས་ཀྱིས་འབད་བ་ཅིན་ སྒལ་ཏོ་དང་ ལྟག་ལྐོ་ན་ནིའི་ རྒྱུ་རྐྱེན་ངོ་མ་ཅིག་ དུས་ཡུན་ལེ་ཤའི་རིང་ལུ་ ལྟག་ལྐོག་མར་བཀུག་ཐོག་ལས་ སྒལ་ཏོ་བཀུག་སུ་ཅིག་སྦེ་ ལཱ་འབད་བའི་སྐབས་ གཟུགས་ཁའི་ཁྲག་གི་རྒྱུན་ལམ་ལེགས་ཤོམ་སྦེ་ འགྱོ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རུང་ ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ན་གཞོན་མང་ཤོས་ཅིག་གིས་ དུས་ཡུན་རིངམོ་སྦེ་ ལྟག་ལྐོག་དང་ སྒལ་ཏོ་བཀུག་སྟེ་ རྩེནམོ་གི་རིགས་ དཔེར་ན་ བི་ཌི་ཨོ་གེམ་དང་ འགྲུལ་འཕྲིན་ནང་ཡོད་པའི་ རྩེནམོ་ཚུ་རྩེ་ནི་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་སྟེ་ སྡོད་མི་ལུ་བརྟེན་ཏེ་ སྒལ་ཏོ་དང་ལྟག་ལྐོག་ན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཌོག་ཊར་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ སྒལ་ཏོ་ན་ནིའི་ནད་གཞི་ལུ་ ཤ་རྒྱུས་ན་ནི་དང་ རུ་ཏོ་ན་ནི་ དེ་ལས་ ཚིགས་ཀྲུམ་ན་ནི་ཟེར་ དབྱེ་བ་༣ ཡོད་ས་ལས་ སྐྱེས་ལོ་༡༨ དང་༢༥ འི་བར་ན་འབད་མི་ཚུ་ལུ་ སྒལ་ཏོ་ན་མི་དེ་ རྒྱུ་རྐྱེན་གཙོ་བོ་ ཤ་རྒྱུས་དང་སྦྱེལ་ཏེ་ཡོད་པའི་རྩ་ དེ་ལས་ སྒལ་ཚིགས་ཀྱི་རུ་ཏོ་བར་ན་ཡོད་པའི་ ཚིགས་ཀྲུམ་ན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྒལ་ཏོ་ན་མི་ཚུ་གིས་ ཉལཝ་ད་དང་ ལཱ་འབདཝ་ད་ ལྟག་ལྐོག་དང་སྒལ་ཏོ་ ག་དེ་དྲག་དྲག་ ཕྲང་སྟེ་སྡོད་དགོཔ་མ་ཚད་ ལུས་སྦྱོང་ག་དེ་མང་མང་ འབད་དགོཔ་དེ་ ག་ནི་བ་ཁག་ཆེ་ཟེར་ཨིན་པས།
སྨན་བཅོས་ཀྱི་ཐད་ཁར་ལྷོདཔ་ད་ ཁོང་གིས་ འགོ་དང་པ་ ན་ཟུག་བསང་ནིའི་དོན་ལུ་ སྨན་ལེབ་ པེན་ཀི་ལར་དེ་ བྱིན་དོ་ཡོདཔ་ད་ ཤུལ་ལས་ གཟུགས་ཀྱི་ཤུགས་ཚད་དང་ ལྡན་ཏོག་ཏོ་བཟོ་ཐབས་ལུ་ གཟུགས་ཀྱི་རྩ་སྤྲིངས་ནིའི་ལུས་སྦྱོང་དང་ གློག་ཐོག་གི་ལུས་སྦྱོང་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ གི་ ལོ་བསྟར་གསོ་བའི་གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལོའི་ནང་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རུས་ཚིགས་ཆག་དཀྲུམས་ཤོར་མི་དང་ ན་མི་ དེ་ལས་ སྒལ་ཏོ་ན་མི་ སྐྱེས་ལོ་༥ དང་༡༤ འི་བར་ན་སྦེ་མི་ བུཚ་༡༠༢ དང་ བུམོ་༡༡༤ ཡོདཔ་ད་ སྐྱེས་ལོ་༡༥ ལས་༤༩ འི་བར་ན་སྦེ་མི་ ཕོ་སྐྱེས་༡༤༦༧ དང་ ཨམ་སྲུ་༡༦༤༨ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཨིན་རུང་ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རུས་ཚིགས་མཁས་མཆོག་ ཌོག་ཊར་བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་གི་ མི་བརྒྱ་ཆ་༩༠ དེ་ཅིག་ལུ་ སྒལ་ཏོ་ན་ནིའི་ནད་གཞི་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


 
ནོར་འཛིན་ལྷ་མོ།

No comments:

Post a Comment